རང་ཁུལ་གྱིས་མཐུན་སྦྱོར་ངང་ནགས་ཕག་མཚོའི་བརླན་སའི་ཕྱོགས་བསྡུས་གསར་སྤེལ་བཅོས་སྐྱོང་ལ་སྐུལ་སྤེལ་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཟླ5་བའི་ཚེས་11ཉིན་གྱི་སྔ་དྲོར། རང་ཁུལ་གྱིས་ཆེད་དོན་ཚོགས་འདུ་བསྡུས་ནས། ནགས་ཕག་མཚོའི་བརླན་སའི་སྤྱི་གླིང་གི་ཕྱོགས་བསྡུས་གསར་སྤེལ་བཅོས་སྐྱོང་གི་ལས་ཀར་སྒྲིག་བཀོད་བྱས་པ་རེད། 


        གྲོས་ཚོགས་ཀྱིས་ནགས་ཕག་མཚོ་ཡིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཆུ་ལོག་སྙོམས་སྒྲིག་དང་ནམ་ཟླ་ལེགས་བཅོས། ས་ཁོངས་ཀྱི་སྐྱེ་ཁམས་དོ་མཉམ་སྲུང་སྐྱོབ་ལ་ཚབ་བྱེད་མི་ཐུབ་པའི་སྙོམས་སྒྲིག་གི་ནུས་པ་ཆེན་པོ་ཐོན་ཡོད་ལ། ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ཀྱི་བྱ་རིགས་གཙོ་བོའི་སྲུང་སྐྱོང་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད། ན་ནིང་ཁུལ་སྲིད་གཞུང་དང་དབྱི་ལི་ཐོན་ཁུངས་མཐུན་ཚོགས་གཉིས་ཀྱིས་ནགས་ཕག་མཚོའི་སྐྱེ་ཁམས་བརླན་སའི་སྤྱི་གླིང་གི་ལས་གཞིའི་མཉམ་ལས་གྲོས་མཐུན་ལ་གྲོས་འཆམ་བཞག  2018ལོའི་ཟླ1པར། རང་ཁུལ་གྱིས་དུས་ལྟར་ནགས་ཕག་མཚོའི་སྐྱེ་ཁམས་བརླན་སའི་སྤྱི་གླིང་གི་ཕྱོགས་བསྡུས་བཅོས་སྐྱོང་གསར་སྤེལ་གྱི་མཐུན་སྦྱོར་སྐུལ་སྤེལ་གྱི་འགོ་ཁྲིད་ཚོ་ཆུང་དབུ་བརྙེས་ཤིང་། ནགས་ཕག་མཚོའི་བརླན་སའི་ཕྱོགས་བསྡུས་བཅོས་སྐྱོང་མྱུར་དུ་སྐུལ་སྤེལ་བྱེད་ཆེད། ཕྱོགས་ཡོངས་ནས་ནགས་ཕག་མཚོའི་བརླན་ས་དང་མཐའ་འཁོར་གྱི་ཁོར་ཡུག་སྤུས་ཚད་གོང་སྤེལ་བྱས་ནས། ཁྱད་ཆོས་ལྡན་པའི་མཐོ་སྒང་གི་བརླན་ས་འགྲུབ་པར་རྩ་འཛུགས་ཀྱི་འགན་སྲུང་མཁོ་སྤྲོད་བྱས་པ་བསྟན། 

        ཅི་ལྟར་སྔར་ལས་ལྷག་པར་ནགས་ཕག་མཚོའི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་སྤེལ་བྱེད་དགོས་ཞེ་ན། གྲོས་ཚོགས་ཀྱིས་གཅིག་ནས་བསམ་བློ་གཅིག་གྱུར་དང་དམིགས་འབེན་གསལ་བོ་ཡིན་དགོས་ལ། གཏིང་ཟབ་ཀྱི་སྒོ་ནས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་ཀ་འདིའི་གལ་ཆེའི་རང་བཞིན་ཤེས་རྟོགས་བྱས་ཤིང་། རང་འགུལ་གྱིས་དབྱི་ལི་མཐུན་ཚོགས་དང་འབྲེལ་འདྲེས་བྱས་ནས། ཕན་འབྲས་ལྡན་པའི་དོ་དམ་དང་སྲུང་སྐྱོབ་ཀྱི་བྱེད་ཐབས་སྤྱད་དེ། ཕྱོགས་ཡོངས་ནས་མཐའ་འཁོར་གྱི་བཞུར་ཆུའི་བཙོག་བསྒྱུར་བཅོས་སྐྱོང་བྱེད་དགོས་པ་དང་། འཐུས་ཚང་སྒོས་ས་གནས་མང་ཚོགས་ལས་སྒོའི་ནང་ཞུགས་པར་ཧུར་བརྩོན་གྱིས་སྣེ་ཁྲིད་བྱེད་དགོས་ལ། མང་ཡོངས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་ཀར་སྐུལ་སྤེལ་གཏོང་དགོས་པ། གཉིས་ནས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་ཀའི་འགན་འཁྲི་གཙོ་བོ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡིན་ལ། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་ལས་སྒོ་སྤེལ་བར་རམ་འདེགས་བྱེད་དགོས་པ། གསུམ་ནས་ནགས་ཕག་མཚོའི་བརླན་སའི་སྤྱི་གླིང་གི་ཕྱོགས་བསྡུས་གསར་སྤེལ་བཅོས་སྐྱོང་གི་སྙོམས་སྒྲིག་སྐུལ་སྤེལ་གྱི་འགོ་ཁྲིད་ཚོ་ཆུང་གིས་ནུས་པ་འདོན་སྤེལ་བྱས་ནས་ཕྱོགས་ཡོངས་ནས་ལས་གཞིའི་དུས་འགོའི་ལས་ཀ་ལེགས་འགྲུབ་ཡོང་ཐུབ་པ་དང་། ལས་གཞིའི་འཛུགས་སྐྲུན་གྱི་མཐུན་སྦྱོར་སྐུལ་སྤེལ་ལ་ཤུགས་སྣོན་རྒྱག་དགོས་པ། བཞི་ནས་ཁུལ་རིམ་པའི་ཁོངས་གཏོགས་ལས་ཁོངས་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་རང་འགུལ་སྒོས་ཞབས་ཞུ་དང་ཐོག་མ་ནས་ལས་གཞིའི་འཛུགས་སྐྲུན་གྱི་ལས་རིམ་ཡོངས་ལ་ཞུགས་དགོས་ལ། འཐུས་ཚང་གིས་འགན་ནུས་ཀྱི་ནུས་པ་འདོན་ཐུབ་པ་དང་། ཧུར་བརྩོན་གྱིས་བློ་ཁ་ཡར་ལ་ཕྱོགས་ནས་ལས་གཞིའི་རྒྱབ་སྐྱོར་བརྩོན་ལེན་བྱེད་དེ། བདེ་ཐང་དང་གོ་རིམ་ཡོད་པའི་སྒོ་ནས་ལས་གཞི་འཛུགས་སྐྲུན་ཐུབ་པར་འགན་ལེན་བྱེད་དགོས་པ། ལྔ་ནས་དབྱི་ལི་མཐུན་ཚོགས་ཀུང་ཟིས་ལག་རྩལ་དང་མ་དངུལ། འཇོན་མི་སོགས་ཀྱི་ཕྱོགས་ནས་ལེགས་ཆ་འདོན་སྤེལ་བྱས་ནས། ལས་གཞིའི་དོ་དམ་ལ་ཤུགས་སྣོན་དང་ལས་གཞི་འཛུགས་སྐྲུན་གྱི་རྒྱུ་སྤུས་དང་ཚད་གཞི་མཐོར་འདེགས་བཏང་ནས། ལས་གཞི་སྔ་མོར་ལེགས་འགྲུབ་ཡོང་བར་སྐུལ་སྤེལ་གྱིས་ཕྱོགས་གཉིས་ཀར་ཕན་ཁེ་ཡོད་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བཅས་དམིགས་སུ་བསྟན་པ་རེད། 

        ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚེའེ་ཝུའུ་ཁྲེང་གིས་ཚོགས་འདུར་གཙོ་སྐྱོང་གནང་ཞིང་། དབྱི་ལི་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཛིན་པས་ལས་གཞིའི་དུས་འགོའི་ལས་ཀའི་གནས་ཚུལ་སྙན་ཞུ་ཕུལ་ལ། ཁུལ་འཕེལ་སྒྱུར་ཨུ་ལྷན་དང་ཞིང་ལས། ཁོར་སྲུང་། རྒྱལ་ཁབ་ས་ཆེའི་ཐོན་ཁུངས། ཆུ་དོན། འཆར་འགོད་དང་དེ་མིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གི་འགན་འཛིན་མི་སྣ་བཅས་ཀྱིས་རིམ་པ་བྱས་ནས་གཏམ་བཤད་གནང་བ་རེད།