རང་ཁུལ་གྱིས་གཞོན་ནུ་ལོ་ཆུང་གི་མངོན་མིན་ཤུལ་བཞག་རིག་གནས་བརྗོད་གཞི་བྱས་པའི་གཏམ་བཤད་འགྲན་བསྡུར་བསྡུས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཟླ་5བའི་ཚེས་15ཉིན་ཁམས་པའི་སྒྱུ་རྩལ་དུས་ཆེན་བསུ་བའི་མངོན་མིན་ཤུལ་བཞག་རིག་གནས་སློབ་རར་བསྐྱོད་པའི་བྱེད་སྒོ་དང་སྐབས་གཉིས་པའི་ན་གཞོན་ལོ་ཆུང་གི་མངོན་མིན་ཤུལ་བཞག་རིག་གནས་བརྗོད་གཞི་བྱས་པའི་གཏམ་བཤད་འགྲན་བསྡུར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཟློས་གར་ཁང་ཆེན་མོ་ནས་བསྡུས་ཤིང་།ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ཙེང་རུང་ཧྲེང་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེང་ཅིན་མིང་ཐེངས་འདིའི་བྱེད་སྒོར་ཞུགས་ཡོད་པ་མ་ཟད་འགྲན་ཞུགས་པར་བྱ་དགའ་གནང་བ་རེད།



     འགྲན་བསྡུར་དེ་དམའ་འབྲིང་དང་མཐོ་འབྲིང་གི་ཚོ་ཆུང་གཉིས་སུ་བགར་ཡོད་ལ།ཁུལ་དང་རྫོ་གསུམ་(གྲོང་ཁྱེར་)ནས་ཡོང་བའི་སློབ་འབྲིང་གི་འགྲན་ཞུགས་པ་དང་ཁུལ་མི་རིགས་ཆེད་གཉེར་སློབ་གྲྭ་ནས་ཡོང་བའི་འགྲན་ཞུགས་པ་བཅས་བསྡོམས་པས་མི་32ཡིས་“ཤུལ་བཞག་རིག་གནས་རྒྱུད་འཛིན་གྱིས་མེས་པོའི་དྲན་གདུང་ལ་ངེས་ཤེས་བསྐྱེད་”ཅེས་པའི་བརྗོད་གཞི་དང་འབྲེལ་ནས་ངོ་མཚར་གྱི་གཏམ་བཤད་གནང་བ་རེད།

     འཛའ་དྲག་གི་འགྲན་བསྡུར་བྱེད་པ་བརྒྱུད་ནས་མཐར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སློབ་འབྲིང་གཉིས་པ་ནས་ཡོང་བའི་འགྲན་ཞུགས་པ་ཀྲང་ཀྲུང་ཧིའེ་དང་འབའ་ལུང་རྫོང་སློབ་འབྲིང་གཉིས་པ་ནས་ཡོང་བའི་མ་ཡུས་དབྱང་གཉིས་ལ་དམའ་འབྲིང་གི་ཚོ་ཆུང་ནང་ནས་ཨང་དང་བོ་ཐོབ་ལ།བདེ་ཆེན་བོད་ཡིག་སློབ་འབྲིང་ནས་ཡོང་བའི་འགྲན་ཞུགས་པ་དབྱང་ཅུ་ཝུན་ལ་དང་སེམས་ཀྱི་ཉི་ཟླ་སློབ་འབྲིང་ནས་ཡོང་བའི་ཡོན་ཡོན་གཉིས་ལ་མཐོ་འབྲིང་གི་ཚོ་ཆུང་ནང་ནས་ཨང་དང་བོ་ཐོབ་པ་རེད།










     གཏམ་བཤད་མཇུག་སྒྲིལ་བརྗེས་དཔྱད་འདེམས་པས་འགྲན་ཞུགས་པ་སོ་སོར་དཔྱད་བརྗོད་གནང་ཞིང་།ཁོ་ཚོར་གཏམ་བཤད་ཟིན་བྲིས་ཀྱི་གལ་ཆེའི་རང་བཞིན་དང་གཏམ་བཤད་ཀྱི་རྣམ་པ།བྱེད་ཐབས་སོགས་གསལ་བཤད་བྱས་ལ།འགྲན་ཞུགས་པ་རྣམས་ལ་ཁུལ་དང་རྒྱལ་ཁབ་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཡང་སྙིང་ལ་རྒྱུས་ལོན་བྱས་ནས།མངོན་མིན་ཤུལ་བཞག་རིག་ནས་རྒྱུད་འཛིན་ཐུབ་པ་བྱེད་དགོས་པའི་སྐུལ་མ་བཏང་བ་རེད། 

       རྒྱུས་ལོན་བྱུང་བ་ལྟར་ན། འགྲན་ཞུགས་པ་མི་32ནི་ཁུལ་ཡོངས་ཀྱི་འགྲན་ཞུགས་སློབ་གྲྭ་ཁག་གིས་རིམ་པ་སོ་སོའི་འགྲན་བསྡུར་ཁྲོད་འདེམས་ཐོན་བྱུང་ནས་ཐོན་པ་ཡིན་ལ།གཏམ་བཤད་ཀྱི་དམིགས་ཡུལ་ནི་ཁུལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ཚོའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཤེས་རྟོགས་ཇེ་མཐོར་བཏང་ནས།གཞོན་ནུ་ལོ་ཆུང་ཚོའི་མངོན་མིན་ཤུལ་བཞག་རིག་གནས་ལ་རྒྱུད་འཛིན་དང་སྤྲོ་བ་སྐྱེད་སྲིང་གིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱི་མངོན་མིན་ཤུལ་བཞག་རིག་ནས་རྒྱུད་འཛིན་གྱི་རང་རྟོགས་འདུ་ཤེས་མཐོར་འདེགས་གཏོང་རྒྱུ་དེ་ཡིན་པ་རེད།

    ཐེངས་འདིའི་བྱེད་སྒོ་ནི་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་ཅུས་དང་གུང་གཞོན་ཚོགས་པ་བདེ་ཆེན་ཁུལ་ཨུས་གཙོ་བསྒྲུབ་མཛད་ཅིང་།ཁུལ་མངོན་མིན་རིག་གནས་སྲུང་སྐྱོབ་ལྟེ་གནས་དང་རྫོང་གསུམ་(གྲོང་ཁྱེར་)ཐན་ཨུ་ཡིས་རོགས་བསྒྲུབ་བྱས་པ་རེད།