རྩོམ་པ་པོ།   པདྨ་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2018-05-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་སྟོབས་ལྡན་གྱི་རྣམས་གྲངས་གཉིས་ཀྱི་འགྲན་བསྡུར་དེ་ཚེས་20ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་སྤེལ་ཞིང་།འགྲན་བསྡུར་ཁྲོད་ཀྲུང་གོའི་འགྲན་ཞུགས་པ་ཁྲེན་ཅ་ཏུང་དང་ཆིའུ་ཐེན་གཉིས་ལ་སྐྱེས་པ་དང་བུད་མེད་ཀྱི་ཚོ་ཆུང་སོ་སོ་ལས་བྱ་དགའ་ཨང་དང་བོ་ཐོབ་པ་རེད།
འགྲན་བསྡུར་འདི་རང་རྒྱལ་གྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆེས་མཐོ་བའི་འགྲན་བསྡུར་གྱི་གྲས་ཤིག་ཡིན་ལ། མཚོ་ལས་མཐོ་ཚད་སྨི་3300ཡོད་པའི་མཐོ་སྒང་ནས་རྐང་ཐང་ལ་རྒྱུག་པ་དང་རྐང་འཁོར་སྐོར་ནས་རྒྱུག་པ་ནི་འགྲན་ཞུགས་པ་ཚོར་མཚོན་ན་ཚད་མཐོའི་འགྲན་སློང་ཞིག་ཡིན་པ་རེད།
སྐྱེས་པའི་ཚོ་ཆུང་ལས་ཁྲེན་ཅ་ཏུང་གི་སྐར་འབྲས་ནི་དུས་ཚོད་2དང་སྐར་མ་3སྐར་ཆ་33ཡིན་ལ།ཁོས་བཤད་རྒྱུར་ལམ་བར་གྱི་ཆེས་ཆེ་བའི་དཀའ་ཁག་ནི་འགྲན་རིམ་དང་བོར་རྐང་ཐང་ལ་རྒྱུག་ནས་སྤྱི་ལེ་10ལ་སླེབས་པའི་མཚམས་སུ་ཕེལ་ཆེར་སྤྱི་ལེ་གཅིག་ཡོད་པའི་ལ་གཟར་བོ་ཞིག་ཡོད།སྐབས་དེར་རང་ཉིད་ཀྱིས་འདི་འདྲའི་མཐོ་སྒང་ཞིག་ནས་ད་རུང་ལ་འདི་འདྲའི་ལ་མཐོན་པོ་ཞིག་ལ་འགོ་དགོས་བསམ་ནས་རེ་ཞིག་མིན་ན་རེ་བ་ཆད་སོང་།འོན་ཀྱང་མཐར་དཀའ་ཁག་དེ་ལས་རྣམ་པར་རྒྱལ་ཐུབ་སོང་ཞེས་བཤད།
བུད་མེད་ཀྱི་ཚོ་ཆུང་ལས་སྐར་འབྲས་དུས་ཚོད་2དང་སྐར་མ་31སྐར་ཆ་49ཡིན་པའི་ཆིའུ་ཐེན་གྱིས་བཤད་རྒྱུར་མཐོ་སྒང་ནས་འགྲན་བསྡུར་ལ་ཞུགས་ན་དྲང་མོ་བཤད་ན་ངོ་མ་དཀའ་མོ་འདུག འོན་ཀྱང་སེམས་ཀྱི་ཉི་ཟླའི་ཡུལ་ལྗོངས་ངོ་མ་ཡག་པོ་འདུག ལྷག་པར་དུ་རྐང་འཁོར་སྐོར་ནས་རྒྱུག་དགོས་པའི་ལམ་ཐིག་དེར། སྔོ་བསང་གི་ནམ་མཁའ་དང་སྤྲིན་དཀར་གྱི་འདེབ་མ་དྭངས་གསལ་གྱི་ནགས་ཕག་མཚོའི་ངོས་སུ་ལྷུང་པ་ན་ཧ་ཅང་ཡག་པོ་འདུག་ཅེས་བཤད།
ཐེངས་འདིའི་འགྲན་བསྡུར་ལ་རྒྱལ་ཁབ་བདུན་དང་ས་ཁུལ་སོ་སོ་ནས་ཡོང་བའི་མི་སྣ་200ལ་ཉེ་བ་ཞིག་ཞུགས་ཡོད་ལ།མི་སྒེར་གྱི་ཚོ་ཆུང་དང་རུ་ཁུག་གི་ཚོ་ཆུང་སྐོར་གཉིས་བཀར་ཡོད།འགྲན་ཞུགས་པ་དགའ་ལྡན་སུམ་རྩེན་གླིང་ནས་འགོ་ཚུགས་ཏེ། སྤྱི་ལེ་10ལ་རྐང་ཐང་ལ་རྒྱུག་དགོས་ལ།དེ་ནས་རྐང་འཁོར་ལ་ཞོན་ནས་ནགས་ཕག་མཚོའི་མཚོ་སྐོར་ལ་སྤྱི་ལེ་35རྒྱུག་དགོས། མཐར་རྡོ་མཁར་རྫོང་གི་སྲང་བར་ནས་སྤྱི་ལེ་5རྒྱུག་རྗེས་མཇུག་ཐིག་ལ་ཐོན་པ་རེད།
ཐེངས་འདིའི་བྱེད་སྒོ་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་དང་པེ་ཅིང་ནོའུ་ཏི་ཝའེ་དོ་དམ་བློ་འདོན་ཚད་ཡོད་འགན་འཁྲིའི་ཀུང་སི་གཉིས་ཀྱིས་གཙོ་བསྒྲུབ་གནང་བ་རེད།