རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ་5བའི་ཚེས་22ཉིན་གྱི་སྔ་དྲོར།ཁུལ་སློབ་གསོ་ཅུས་དང་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་ཅུས་ཀྱིས་གཙོ་སྒྲུབ་བྱས་པའི་2018ལོའི་བདེ་ཆེན་གཞོན་ནུ་ལོ་ཆུང་གི་སློབ་རའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོ་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ལྟེ་གནས་ནས་སྤེལ་བ་མ་ཟད།གླུ་ལེན་གར་རྩེད་བྱས་པ་རེད། འགྲན་བསྡུར་དེ་མཐོ་འབྲིང་གི་ཕོ་དང་མོའི་ཚོ་ཆུང་དང་དམའ་འབྲིང་གི་ཕོ་དང་མོའི་ཚོ་ཆུང་།སློབ་ཆུང་གི་ཕོ་དང་མོའི་ཚོ་ཆུང་སོགས་སུ་བཀར་ཡོད་ལ། རང་ཁུལ་གྱི་སློབ་གྲྭ་སོ་སོའི་འགྲན་ཞུགས་རུ་ཁག་15དང་སློབ་མ་448ཞུགས་ཡོད།འགྲན་བསྡུར་གྱི་དུས་ཚོད་ནི་ཟླ་5བའི་ཚེས་22ཉིན་ནས་ཚེས་27བར་ཡིན་ལ། བྱ་དགའ་ཨང་དང་བོ་ཐོབ་པའི་རུ་ཁག་དེ་ཞིང་ཆེན་རིམ་པའི་འགྲན་བསྡུར་ནང་ཞུགས་དགོས་པ་རེད།