རང་ཁུལ་དུ་དངོས་མཐུན་དཔེ་ཆ་ཁྱབ་རྡལ་དང་དམངས་ཕན་སློབ་ཞུགས་རོགས་སྐྱོར་གྱི་བྱེད་སྒོ་སྤེལ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཟླ་5བའི་ཚེས་22ཉིན། “དམངས་ཡོངས་དཔེ་ཀློག  དཔེ་ཆ་བའི་བདེ་ཆེན། ”ཞེས་པ་བརྗོད་གཞི་བྱས་ཤིང་། དམངས་ཡོངས་དཔེ་ཀློག་དར་སྤེལ་དང་།དབུལ་ཕོངས་སློབ་མར་གཅེས་སྐྱོང་བྱེད་པ་ཞེས་པའི་ལུགས་དངོས་ཐོན་དཔེ་ཆ་ཁྱབ་རྡལ་གྱི་དམངས་ཕན་སློབ་ཞུགས་རོགས་སྐྱོར་གྱི་སྐོར་སྐྱོད་འགྲེམ་སྟོན་བྱེད་སྒོ་འགོ་ཚུགས་པ་རེད།










        ཐེངས་འདིའི་བྱེད་སྒོ་ནི་བདེ་ཆེད་ཁུལ་དཔལ་ཡོན་གཞུང་སྒྲུབ་ཁང་དང་ཀྲུང་གོའི་སྦྲག་སྲིད་ཚོགས་ཁག་ཀུང་སི་བདེ་ཆེན་ཁུལ་ཡན་ལག་ཀུང་སིས་གཙོ་སྒྲུབ་བྱས།འགོ་ཚུགས་མཛད་སྒོའི་སྟེང་ལས་ཁུངས་སོ་སོས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་སློབ་ཆུང་སོགས་སློབ་གྲྭ་4ལ་རིན་གོང་སྒོར་50000ཡོད་པའི་དཔེ་ཆ་ཞལ་འདེབས་ཕུལ་ཞིང་།རྒྱལ་ཡོངས་ཀྱི་གསར་གཏོད་རྩོམ་ཡིག་འགྲན་བསྡུར་གྱི་བདེ་ཆེན་འགྲན་ཁུལ་ནས་བྱ་དགའ་ཐོབ་པའི་སློབ་མ་དང་“དཔེ་ཆ་བའི་སློབ་ར་”ཞེས་པའི་ཕུལ་བྱུང་སློབ་རྣམས་ལ་བྱ་དགའ་གནང་བ་རེད།



        བྱེད་སྒོའི་ཁྲོད་ཀྲུང་གོའི་སྦྲག་སྲིད་ཚོགས་ཁག་བདེ་ཆེན་ཡན་ལག་ཀུང་སིས་སྒོར་30000གྱི་མ་དངུལ་བཏང་ནས། ལོ་རྒྱུས་དང་རྩོམ་རིགསྒྱུ་རྩལ། སྣ་འཛོམས། སློབ་གསོ། གསོ་རིག་སོགས་འདུས་པའི་དངོས་ཐོན་དཔེ་ཆ་ཀྱི་སྐོར་སྐྱོད་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་ཞིང་།བྱེད་སྒོའི་ཁྲོད་དཔེ་ཆ་7འདེམས་ན་དཔེ་ཆ་གཉིས་ལ་མ་གཏོགས་དཔེ་རིན་སྟེར་མི་དགོས་པའི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་གྲོང་མིའི་དཔེ་ཀློག་གི་འདོད་བློ་སྐོང་ཐུབ་པ་བྱས།