བདེ་ཆེན་དང་མཚོ་ལྷོ་ཁུལ་གཉིས་ཀྱི་ན་གཞོན་ཁེ་ལས་པའི་སྤེལ་རེས་སློབ་སྦྱོང་གི་བྱེད་སྒོ་བསྡུས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཟླ་5བའི་ཚེས་23ཉིན་གུང་གཞོན་ཚོགས་པ་བདེ་ཆེན་ཁུལ་ཨུ་དང་གུང་གཞོན་ཚོགས་པ་མཚོ་ལྷོ་ཁུལ་ཨུ་མཉམ་འབྲེལ་གྱིས་གཙོ་སྒྲུབ་བྱས་པའི་བདེ་ཆེན་ཁུལ་དང་མཚོ་ལྷོ་ཁུལ་གཉིས་ཀྱི་ན་གཞོན་ཁེ་ལས་པའི་“དབུལ་སྒྲོལ་འགག་སྒྲོལ་ལ་རོགས་འདེགས་དང་ན་གཞོན་གྱིས་གསར་གཏོད་གསར་འབྱེད་བྱེད་”ཅེས་པའི་སྤེལ་རེས་སློབ་སྦྱོང་གི་བྱེད་སྒོ་སེམས་ཀྱི་ཉི་ཟླ་མགྲོན་ཁང་ཆེན་མོ་ནས་བསྡུས།



        ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཁུལ་བཟོ་ཚོང་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཅུན་མིང་བྱེད་སྒོར་ཞུགས་ཡོད་པ་མ་ཟད་གཏམ་བཤད་གནང་བ་རེད།

        ཁྲེན་ཅུན་མིང་གིས་ན་གཞོན་ཁེ་ལས་པ་ནི་ན་གཞོན་པའི་ཁྲོད་ཀྱི་འཇོན་མིའི་ཚོགས་ཁག་ཡིན་ལ།སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་བསམ་བློ་འཁྲུག་པོ་ཡིན་པ།བྱ་དངོས་གསར་བ་དང་བསམ་བློ་གསར་བ། འདུས་ཤེས་གསར་བ་དང་ལེན་བྱེད་ཕོད་པས། ས་ཁུལ་གཉིས་ཀྱི་དཔལ་འབྱོར་སྒྱུར་བཅོས་དང་གསར་གཏོད་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཙོ་བོ་ཡིན།དེ་ཕྱིར་ན་གཞོན་ཁེ་ལས་པ་རྣམས་ཀྱིས་ཐེངས་འདིའི་སྤེལ་རེས་སློབ་སྦྱོང་གི་གོ་སྐབས་བཟང་བོར་བསྟུན་ནས་ས་ཁུལ་གཉིས་ཀྱི་ན་གཞོན་ཁེ་ལས་པས་ཕན་ཚུན་གྱི་མཛའ་བརྩེ་དང་སྤེལ་རེས་གཏིང་ཟབ་དང་སྲ་བརྟན་དུ་བཏང་ནས།སྔར་ལས་ལྷག་པར་ས་ཁུལ་གཉིས་ཀྱི་ན་གཞོན་ཁེ་ལས་པའི་གསར་གཏོད་ཀྱི་བསམ་བློ་དང་གསར་གཏོད་ཀྱི་སྤྲོ་སེམས།མཉམ་ལས་ཀྱི་གོ་སྐབས་བཅས་ལ་སྐུལ་སློང་བྱས་ཏེ། ས་ཁུལ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་དམ་པོ་ཡོང་བར་སྐུལ་སྤེལ་བྱེད་དེ།  ཁེ་ལས་ཀྱི་འཕེལ་རྒྱས་དང་ས་ཆ་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ནུས་པ་འདོན་སྤེལ་བྱེད་དགོས་པའི་རེ་བཏོན། 

        བྱེད་སྒོའི་སྟེང་བདེ་ཆེན་དང་མཚོ་ལྷོ་ཁུལ་གཉིས་ཀྱི་ན་གཞོན་ཁེ་ལས་པ་སོ་སོས་ཧུར་བརྩོན་གྱིས་གཏམ་བཤད་གནང་ཞིང་།ཁེ་ལས་ཀྱི་དོ་དམ་དང་འཕེལ་རྒྱས་སོགས་ཀྱི་ཕྱོགས་སོ་སོའི་ཉམས་མྱོང་ཕན་ཚུན་སྤེལ་རེས་བྱས་པ་རེད།

        ཐེངས་འདིའི་བྱེད་སྒོས་ས་ཁུལ་གཉིས་ཀྱི་ན་གཞོན་ཁེ་ལས་པར་ཕན་ཚུན་སྤེལ་རེས་བྱེད་པའི་ལས་སྟེགས་སྐྲུན་ཏེ།ས་ཁུལ་གཉིས་ཀྱི་ན་གཞོན་ཁེ་ལས་པའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱས་ལ།ས་ཁུལ་གཉིས་ཀྱི་ན་གཞོན་ཁེ་ལས་པའི་ཕན་ཚུན་སྤེལ་རེས་དང་སློབ་སྦྱོང་གི་སྒྲིག་གཞི་འཐུས་ཚང་དུ་བཏང་བ་རེད། བདེ་ཆེན་དང་མཚོ་ལྷོ་ཁུལ་གཉིས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ཕན་ཚུན་དཔྱད་གཞིར་འཛིན་པ་དང་སྲིད་ཇུས་མཉམ་འགུལ་བྱེད་དེ།དུས་ཐོག་ཏུ་ཕན་ཚུན་མཉམ་ལས་དང་སྐྱོན་སྤངས་དགེ་སྒྲུབ་ཀྱིས་མཉམ་དུ་མཐོ་རུ་གཏོང་བ་དང་མཉམ་དུ་འཕེལ་རྒྱས་ཡོང་རྒྱུ་མངོན་འགྱུར་བྱུང་།