ཁམས་ཕྱག་ཕྲེང་རྫོང་གི་རི་མོ་བ་ཞིག་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-28   རྩོམ་ཁུངས།    ཁམས་པའི་དྲ་བ།

        2018ལོའི་ཟླ་བ་དང་པོར་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཁབ་རིམ་པའི་བྱ་དགའ་སྟེ།སྐབས་བཅུ་གསུམ་པའི་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་རི་སྐྱེས་མེ་ཏོག་གི་བྱ་དགའ་སྟེར་བའི་མཛད་སྒོ་དེ་ཀོང་ཀྲོའུ་གྲོང་ཁྱེར་ཀྲུང་ཧྲན་རྗེས་དྲན་ཁང་དུ་སྤེལ་བ་དང་།སི་ཁྲོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ཀྱི་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་ནས་ཡོང་བའི་བོད་ཀྱི་དམངས་ཁྲོད་རི་མོ་བ་སྒྲུབ་སྒྲུབ་ཀྱི་ཐང་གའི་བརྩམས་ཆོས­༼ལྷོ་རྒྱུད་དར་གོས་ཚོང་ལམ་ལས་འབྲེལ་བཟང་།བོད་རྒྱ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ༽ཞེས་པ་སི་ཁྲོན་གྱི་ཚབ་བྱས་ནས་རི་སྐྱེས་མེ་ཏོག་གི་བྱ་དགའ་ཐོབ་པ་དང་།ཐེངས་འདིར་ཆེས་ན་གཞོན་གྱི་བྱ་དགའ་ཐོབ་མཁན་དུ་གྱུར་པ་རེད།





        ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་རི་སྐྱེས་མེ་ཏོག་གི་བྱ་དགའ་ནི་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཐུན་ཚོགས་གཉིས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་རྒྱལ་ཁབ་རིམ་པའི་རིག་རྩལ་བྱ་དགའ་ཆེན་པོ་ཞིག་ཡིན་པར་མ་ཟད་རྒྱལ་ཡོངས་དམངས་ཁྲོད་རིག་རྩལ་གྱི་ཆེས་མཐོ་བའི་བྱ་དགའི་རིགས་ཤིག་ཡིན་ལ།བྱ་དགའ་སྟེར་བའི་བྱེད་སྒོ་དེ་ལོ་གཉིས་རིང་ལ་ཐེངས་རེ་སྤེལ་བཞིན་ཡོད།


        སྒྲུབ་སྒྲུབ་ཀྱི་བྱ་དགའ་ཐོབ་པའི་བརྩམས་ཆོས­༼ལྷོ་རྒྱུད་དར་གོས་ཚོང་ལམ་ལས་འབྲེལ་བཟང་།བོད་རྒྱ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ༽ཞེས་པ་དེ2017ལོའི་ཟླ་བ5པར་ཀྲུང་གོའི་མཛེས་རྩལ་ཁང་གིས་འགྲེམ་སྟོན་བྱས་པའི་ཀྲུང་གོའི་འདུ་ཤེས་ཀྲུང་གོའི་ཕུགས་འདུན་ཞེས་པའི་རྒྱལ་ཡོངས་ཀྱི་ཞིང་པའི་རི་མོ་བརྩམས་ཆོས་འགྲེམ་སྟོན་ནང་བདམས་པ་དང་།བརྩམས་ཆོས་དེ་ཀྲུང་གོའི་མཛེས་རྩལ་ཁང་དུ་འགྲེམ་སྟོན་བྱས་པ་རེད།





            2018ལོའི་ཟླ་བ་དང་པོར­༼ལྷོ་རྒྱུད་དར་གོས་ཚོང་ལམ་ལས་འབྲེལ་བཟང་།བོད་རྒྱ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ༽ཞེས་པའི་བརྩམས་ཆོས་དེ་རྒྱལ་ཡོངས་ཀྱི་བརྩམས་ཆོས2000ལྷག་གི་ནང་ནས་ཨང་བཞི་པར་སླེབས་པ་དང་།ཆེད་རམས་པ་ཚོས་བརྩམས་ཆོས་བཞི་པོར་ཞིབ་མོས་དཔྱད་བསྡུར་བྱས་མཐར་སྒྲུབ་སྒྲུབ་ཀྱིས་འགྲན་ཞུགས་བརྩམས་ཆོས་དེར་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་རི་སྐྱེས་མེ་ཏོག་གི་བྱ་དགའ་ཐོབ་པ་རེད།