ལྷ་ས་གྲོང་ཁྱེར་ནས2018ལོའི་ཚན་རྩལ་གཟའ་འཁོར་གྱི་བྱེད་སྒོ་སྤེལ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-31   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།


        ཉེ་དུས།  ལྷ་ས་གྲོང་ཁྱེར་གྱི2018ལོའི་ཚན་རྩལ་གཟའ་འཁོར་གྱི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དང་།  ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་སྐབས་གཉིས་པའི་གཟེངས་བསྟོད་ཚོགས་ཆེན་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་ཕྱོགས་བསྡུས་དཔེ་སྟོན་རང་བཞིན་གྱི་ལག་ལེན་རྟེན་གཞིར་ཚོགས་པ་རེད།  བྱེད་སྒོ་དེའི་དམིགས་ཡུལ་གཙོ་བོ་ནི་ལྷ་ས་གྲོང་ཁྱེར་གྱི་ཚན་རིག་ཁྱབ་གདལ་སློབ་གསོའི་ལས་དོན་ལ་སྐུལ་འདེད་བཏང་བ་མ་ཟད།  གྲོང་ཁྱེར་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ཚོའི་ཚན་རྩལ་གསར་གཏོད་འདུ་ཤེས་གསོ་སྐྱོང་བྱེད་པ་དང་།  གཞོན་ནུ་ལོ་ཆུང་གི་ཚན་རིག་ལག་ལེན་ནུས་པ་ཆེ་རུ་གཏོང་རྒྱུ་དེ་རེད།


སློབ་གྲྭའི་ཚན་རིག་སློབ་གསོར་སྐུལ་འདེད་བཏང་། བྱིས་པའི་གསར་གཏོད་ནུས་པ་གསོ་སྐྱོང་བྱུང་།