རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ་5བའི་ཚེས་30ཉིན། 2018ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་དང་། སྐབས་བཅུ་བའི་ཁམས་པའི་སྒྱུ་རྩལ་དུས་ཆེན་བསུ་བའི་བྱེད་སྒོ་སྣ་ཚོགས་ཏེ་འཇོལ་རྫོང་སྐབས་བཞི་བའི་སྨན་རིའི་མཆོད་འབུལ་ཉིན་གྱི་བྱེད་སྒོ་དགོན་པ་སྟེང་ལྗོངས་གཟིགས་སྟེགས་བུ་ནས་སྤེལ་བ་རེད།
བྱེད་སྒོའི་ཁྲོད་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་ཚུད་པའི་རྣམས་གྲངས་དག་སྔ་གཞུག་གིས་འཁྲབ་སྟོན་བྱས་ཤིང་།རྒྱལ་ཁབ་རིམ་བའི་མངོན་རིན་མིན་རིག་གནས་ཤུལ་བཞག་གི་རྣམས་གྲངས་གནས་རིར་མཆོད་འབུལ་གྱི་བྱེད་སྒོ་དེ་ཨ་མཆོད་ཀྱི་ཁ་རྔ་སོགས་རོལ་ཆས་ཀྱི་འབུད་རྡུང་བཀྲོལ་གསུམ་གྱི་ཁྲོད་ནས་འགོ་བརྩམས་ཤིང་།ཆོས་གསུང་ནས་རྒྱལ་ཁབ་བདེ་ཞིང་འབངས་རྣམས་སྐྱོད་པའི་སྨོན་ལམ་བརྒྱབ་པ་རེད།ཡུན་ལིང་ཤང་གི་བསོད་ནམས་གྲོང་ཚོའི་ཁམས་པའི་ཕོ་རྒོད་རྣམས་ཀྱིས་འཁྲབ་པའི་རྦད་བཤད་ཀྱིས་རྒྱ་ཆེའི་ལྟད་མོ་བའི་མིག་དབང་བཀུགས་ཤིང་།ཡུལ་སྐོར་བ་རྣམས་ཀྱིས་ཡང་པར་ཆས་དང་ཁ་པར་བཟུང་ནས་པར་བླངས་པ་རེད།
ཐེངས་འདིའི་བྱེད་སྒོར་ངོ་མཚར་བའི་མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་ཡོད་པ་མ་ཟད།སྲོལ་རྒྱུན་ལག་རྩལ་གྱི་རྒྱུད་འཛིན་པ་མང་བོ་གདན་འདྲེན་བྱས་ནས་ཡུལ་དངོས་ནས་འགྲེམ་ཚོང་བྱས་ཤིང་།ཤིང་ཕོར་དང་མི་རིགས་གྱོན་ཆས། པི་ཝང་།སྲོལ་རྒྱུན་གྱི་ལག་རྩལ་ཐོན་རྫས་སོགས་ལ་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།
2014ལོར་“སྨན་རིའི་གནས་རིའི་མཆོད་འབུལ་”དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་སྐབས་བཞི་བའི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་རྣམས་གྲངས་ཀྱི་མིང་ཐོའི་ནང་བཞག་ཅིང་།2015ལོ་སྟེ་གནས་ཆེན་ཁ་བ་དཀར་པོའི་རང་ལོར་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་བོ་འཇོལ་རྫོང་ལ་ཕེབས་ནས་གནས་ཆེན་ཁ་བ་དཀར་པོའི་མཆོད་འབུལ་མཛད་སྒོར་འགོ་འཛིན་གནང་ཞིང་།2016ལོར་འཇོལ་རྫོང་སྐབས་བཅུ་གསུམ་པའི་མི་དམངས་སྲིད་གཞུང་གི་ཐེངས་23པའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་ལོ་རེའི་ཟླ་5བའི་ཚེས་30ཉིན་ནི་སྨན་རིའི་གནས་རིའི་མཆོད་འབུལ་ཉིན་མོར་གཏན་ཁེལ་བྱས་པ་རེད།