རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད།ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་ཁུལ་དང་ནུའུ་ཅིང་ཁུལ་གཉིས་ཀྱི་དམའ་འབྲིང་དང་མཐོ་འབྲིང་སློབ་མཐར་ཕྱིན་རྗེས་མུ་མཐུད་དུ་སློབ་གྲྭ་འགྲིམ་མ་ཐུབ་པའི་ཞིང་སྡེའི་ཁྱིམ་ཐོ་ཅན་གྱི་སློབ་མར་འབྲིང་རིམ་ཚོད་ལྟའི་ལས་རིགས་སློབ་གསོ་ཡོངས་ཁྱབ་བྱེད་རྒྱུ་ཡིན་ལ།དེའི་དམིགས་ཡུལ་གཙོ་བོ་ནི་ཁོ་ཚོར་སློབ་སྦྱོང་གི་གོ་སྐབས་གནང་ནས་ཞིང་སྡེའི་སློབ་མའི་དཔལ་འབྱོར་འགན་ཁུར་ཇེ་ཡང་དུ་གཏོང་རྒྱུ་དང་ལག་རྩལ་སྣ་གཅིག་འབྱོར་བའི་ཆེད་དུ་ཡིན་པ་རེད།
འདི་ནི་ཞིང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་དམངས་འཚོའི་ལས་གྲྭ་དང་དམངས་ཕན་གྱི་ལས་གྲྭ་ཞིག་ཡིན་ལ།མི་རིགས་ས་ཁུལ་གྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་རྩལ་ནུས་ཇེ་མཐོར་གཏོང་བའི་བྱེད་ཐབས་གཙོ་བ་ཞིག་ཡིན་པ་རེད།རྒྱུས་ལོན་བྱུང་ལྟར་ན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཚོགས་དང་ཞིང་ཆེན་སློབ་གསོ་ཐིང་།ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཐིང་བཅས་ཀྱིས་མཉམ་དུ་ཞིབ་འཇུག་དང་འདེམས་གསེས་བྱས་ནས་ཞིང་ཆེན་ནང་ཁུལ་གྱི་སྤུས་ལེགས་ལས་རིགས་སློབ་གསོའི་ཐོན་ཁུངས་ཅན་གྱི་སློབ་གྲྭ་འགར་ཚོད་ལྟའི་སློབ་གཉེར་ལས་འགན་ཁུར་རྒྱུ་ཐག་གིས་བཅད།
བདེ་ཆེན་ཁུལ་མི་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭ་དང་རྒྱལ་མོ་ནུའུ་ཅིང་མི་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭ་སོགས་སློབ་གྲྭ་26གིས་ཚོད་ལྟའི་གསོ་སྐྱོང་གི་འགན་ཁུར་རྒྱུ་ཡིན་པ་རེད།
ཁ་གསབ་ཀྱི་ཚད་གཞི་ནི་སློབ་མ་རེར་ལོ་རེར་སྒོར་2500ཡི་འཚོ་བའི་ཁ་སྣོན་སྟེར་ངེས་རེད།
སློབ་ཡུན་དུས་ཚོད་ལོན་རྗེས་རྒྱུགས་འབྲས་ཚད་ལྡན་ཡིན་པའི་སློབ་མའི་ལས་རིགས་ནུས་རྩལ་གསལ་འབྱེད་བྱས་ནས་ཚད་ལྡན་ཡིན་ན་འབྲེལ་ཡོད་ལས་རིགས་ཀྱི་ཐོབ་ཐང་དཔང་ཡིག་ཐོབ་ལེན་ཐུབ་ལ།ལས་ཞུགས་ཆ་རྐྱེན་འོས་འཚམས་ཅན་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་མྱོང་ཐུབ་པ་རེད།