རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་འགྱིག་ཤོག་དང་འབྲེལ་ཡོད་ཐོན་རྫས་སྤྱོད་མི་ཆོག་པའི་བརྡ་ཐོ་བཏང་བ་རེད། བརྡ་ཐོ་དེའི་ནང་དོན་དངོས་ནི་གཤམ་གསལ་ལྟར།
དཀར་པོའི་སྦག་བཙོག་འགོག་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཆེད་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་འགྱིག་ཁུག་ཐོན་སྐྱེད་དང་བེད་སྤྱོད་ཚོད་འཛིན་བྱེད་པའི་སྐོར་གྱི་བརྡ་ཐོ་ལྟར། གྲོང་ཁྱེར་ཡོངས་སུ་འགྱིག་ཁུག་དང་འབྲེལ་ཡོད་ཐོན་རྫས་བེད་སྤྱོད་བྱེད་མི་ཆོག་པའི་བརྡ་ཐོ་གཤམ་གསལ་ལྟར།
གཅིག སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཐབས་ཤེས་ཀྱི་དོན་ཚན་སོ་བཞི་པའི་འབེབས་འབྱེད་མིན་པའི་འགྱིག་ཁུག་ཐོན་སྐྱེད་དང་བེད་སྤྱོད་བྱེད་མི་ཆོག་པ་དང་། ཚོང་ཁང་དང་ཚོང་ལས་ཞབས་ཞུ་སོགས་ཀྱི་ཡུལ་གནས་སུ་འབེབས་འབྱེད་མིན་པའི་འགྱིག་ཁུག་མཁོ་སྤྲོད་དང་བེད་སྤྱོད་བྱེད་མི་ཆོག ལག་གཟེབ་དང་རས་ཀྱི་ཁུག་མ་སོགས་གཞན་གྱིས་འགྱིག་ཁུག་གི་ཚབ་བྱེད་པ་ལ་སྐུལ་མ་གཏོང་། གྲོང་ཁྱེར་ཡོངས་ཀྱི་ཚོང་ཁང་དང་ཟ་ཁང་། གནམ་གྲུ་ཐང་། ཡུལ་སྐོར་ལྗོངས་ཁུལ་སོགས་སུ་འགྱིག་ཁུག་ཐོན་སྐྱེད་དང་ཉོ་ཚོང་། བེད་སྤྱོད་བྱེད་མི་ཆོག
གཉིས། ཐོན་སྐྱེད་ཆོག་འཐུས་ཀྱི་ཐོབ་ཐང་མེད་པའི་སྤྱོད་ཐེངས་གཅིག་གི་འགྱིག་ཤོག་གི་ཟས་སྒམ་ཉོ་འཚོང་དང་བེད་སྤྱོད་བྱེད་མི་ཆོག
གསུམ། འགྱིག་ཤོག་རྙིང་ཧྲུལ་གྱི་བསྐྱར་སྤྱོད་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། འཚོ་བའི་གད་སྙིགས་རིགས་བགོས་ནས་གཅིག་སྡུད་དང་ཐག་གཅོད་བྱེད་པར་མགྱོགས་མྱུར་དུ་ཁྱབ་སྤེལ་གཏོང་དགོས། གད་སྙིགས་མེར་སྲེག་དང་སྦས་བའི་ཁྲོད་ཀྱི་འགྱིག་ཤོག་རྙིང་ཧྲུལ་གྱི་གྲངས་འབོར་ཉུང་དུ་གཏོང་དགོས།
བཞི གྲོང་ཁྱེར་ཚོང་ར་ལྟ་སྐུལ་དོ་དམ་ཅུས་དང་གྲོང་ཁྱེར་ཕྱོགས་བསྡོམས་ཁྲིམས་འཛིན་ཅུས། གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལྟར། འགྱིག་འགོག་གཏན་འབེབས་དང་འགལ་བའི་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་པ་ལ་ཆད་གཅོད་ནན་པོ་བྱ་རྒྱུ་ཡིན།
ལྔ གྲོང་ཁྱེར་ཚོང་ར་ལྟ་སྐུལ་དོ་དམ་ཅུས་དང་གྲོང་ཁྱེར་ཕྱོགས་བསྡོམས་ཁྲིམས་འཛིན་ཅུས། གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་སོགས་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲིམས་ལྟར་མང་ཚོགས་ཀྱིས་ཞུ་གཏུག་དང་ཐེར་འདོན་གོང་ཞུ་དང་ལེན་བྱ་རྒྱུ་ཡིན།
ལྟ་སྐུལ་དང་ ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་ནི་0887—8236010
དྲུག བརྡ་ཐོ་འདི་ཁྱབ་བསྒྲགས་གཏོང་བའི་ཉིན་གསུམ་རྗེས་ནས་ལག་བསྟར་བྱ་རྒྱུ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་དམངས་སྲིད་གཞུང་ནས།
2018ལོའི་ཟླ5པའི་ཚེས་31ཉིན།
ལས་བྱེད་མི་སྣས་བརྡ་ཐོ་དེ་ཚོང་ཁང་དང་ཚོང་ལས་ཞབས་ཞུ་ཡུལ་གནས་སོ་སོར་གཏོང་བཞིན་པ།