རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།དེ་རིང་ནི་2018ལོའི་མཐོ་རྒྱུགས་འགོ་ཚུགས་པའི་ཉིན་མོ་ཡིན་ལ། མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཀུན་དང་ཁོ་ཚོའི་ཁྱིམ་བདག་ལ་བཤད་ན་དོན་ཆེན་མོ་ཞིག་ཡིན།
ཤེས་རྟོགས་བྱུང་དོན། ད་ལོར་རང་ཁུལ་དུ་སློབ་མ་2296མཐོ་རྒྱུགས་སུ་ཞུགས་ཡོད་པ་དང་། རང་ཁུལ་གྱིས་རྒྱུགས་ལེན་ས་ཁུལ་གཅིག་དང་རྒྱུགས་ལེན་ས་ཚིགས་གཉིས་ནས་རྒྱུགས་ར་77བཙུགས་ཡོད་དེ། ཁུལ་མི་རིགས་སློབ་འབྲིང་དུ་རིག་གནས་ལོ་རྒྱུས་རིགས་ཀྱི་རྒྱུགས་ར་44དང་། སེམས་ཀྱི་ཉི་ཟླ་སློབ་འབྲིང་དུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་ཀྱི་རྒྱུགས་ར་33བཙུགས་ཡོད་པ་རེད།
དེ་རིང་། ཁུལ་དང་རྫོང་། གྲོང་ཁྱེར་གྱི་སློབ་གསོ་དང་སྤྱི་བདེ། དྲིལ་བསྒྲགས། སྨན་བཅོས། གློག་ཤུགས་སོགས་སྡེ་ཚན་མང་པོས་མཐོ་རྒྱུགས་ལ་གཡས་སྲུང་གཡོན་སྐྱོར་བྱེད་ཡོད་པ་རེད།