འབའ་ལུང་རྫོང་གིས་མཛེས་བཞི་གསར་འཛུགས་བྱས་ནས་ཉིན་བརྒྱའི་དམག་འཐབ་ཀྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ5པའི་ཚེས31ཉིན།འབའ་ལུང་རྫོང་གིས་མཛེས་བཞི་གསར་འཛུགས་བྱས་ནས་ཉིན་བརྒྱའི་དམག་འཐབ་ཀྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།གྲོས་ཚོགས་ཐོག་ནན་ཏན་གྱིས་རྫོང་ཡོངས་ཀྱི་མཛེས་བཞི་གསར་འཛུགས་ལས་ཀའི་ཕན་འབྲས་ལ་ཕྱོགས་བསྡོམས་བྱས་ནས།གནས་པའི་གནད་དོན་དང་མི་འདང་སར་ཞིབ་འཇུག་དང་དབྱེ་ཞིབ་བྱས་པ་རེད།

         རྒྱུས་ལོན་བྱུང་བ་ལྟར་ན།འབའ་ལུང་རྫོང་གིས་དོན་དངོས་ཀྱིས་མཛེས་བཞིའི་ལས་ཀ་སྐུལ་འདེད་བྱས་ཏེ་བྱ་སྤྱོད་ཆེན་མོ་དང་ལེགས་བཅོས་ཆེན་མོ།གསར་འཛུགས་ཆེན་མོ་མངོན་འགྱུར་བྱུང་ནས་མཐར་ཕན་འབྲས་ལེགས་པོ་ཐོབ་པ་རེད།མིག་སྔའི་རྫོང་ཡོངས་ཀྱི་མཛེས་བཞི་གསར་འཛུགས་ལས་ཀའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས།རྫོང་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་འདུ་ཤེས་གཅིག་མཐོར་འདེགས་གཏོང་ནས་འགྱུར་ལྡོག་བཞི་བྱུང་དགོས་པའི་བླང་བྱ་བཏོན་པ་རེད།   

         གཅིག་ནི་ངེས་པར་དུ་མཛེས་བཞི་གསར་འཛུགས་ཀྱི་འདུ་ཤེས་མཐོ་རུ་གཏོང་དགོས།རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་མཛེས་བཞི་གསར་འཛུགས་ཀྱི་རྒྱབ་ལྗོངས་དང་དོན་སྙིང་ཡང་དག་པར་རྒྱུས་ལོན་བྱུང་དགོས་པ་དང་།གཏིང་ཟབ་ཀྱིས་མཛེས་བཞི་གསར་འཛུགས་ཀྱི་དམིགས་འབེན་དང་བྱེད་ནུས་ལ་ངོས་འཛིན་ལེགས་པོ་བྱེད་དགོས་པའི་བླང་བྱ་བཏོན།

         གཉིས་ནི་ངེས་པར་དུ་མཛེས་བཞི་གསར་འཛུགས་ཀྱི་འགྱུར་ལྡོག་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་མཛེས་བཞི་གསར་འཛུགས་དེ་ཇུས་གཞི་འགོད་པ་དང་།འབོད་ཚིག་སྒྲོག་པ་སོགས་ཕྱི་ཚུལ་གྱི་རྣམ་པ་ཙམ་མིན་པར།ངེས་པར་དུ་འགྱུར་ལྡོག་བཞི་བྱུང་དགོས་པའི་བླང་བྱ་བཏོན།

         འབའ་ལུང་རྫོང་གིས་རིམ་པ་སོ་སོ་དང་རྒྱ་ཆེ་བའི་ལས་བྱེད་མི་སྣས་མཛེས་བཞི་གསར་འཛུགས་ཀྱི་ལས་ཀའི་ཁྲོད་དུ།ཕྱི་ཚུལ་འཛིན་པ་དང་ཁྲལ་སེལ་སླ་བཅོས་སོགས་བྱེད་མི་རུང་བ་དང་།ངེས་པར་དུ་རྒྱུན་སྲིང་ངང་ནུས་ཤུགས་བཏོན་ཏེ་སྙིང་རུས་གཏན་འཁྱོངས་དང་འགན་འཁྲི་གསལ་རྟོགས།རང་འགན་གཙང་སྒྲུབ་བྱས་ནས།རང་འགུལ་ངང་ལས་བྱེད་དང་།བྱེད་ཕོད་པ་དང་སྒྲུབ་ཕོད་པ་རྒྱུན་འཁྱོངས་བྱས་ཏེ།དུས་རབས་གསར་པར་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་དགོས་པ་དང་།ཤང་དང་གྲོང་རྡལ་དང་འགན་ནུས་ཚོ་ཆུང་གིས་ལས་དོན་དངོས་ལེགས་པར་སྒྲུབ་ནས།རང་ནུས་གང་ཡོད་ཀྱིས་མཛེས་བཞི་གསར་འཛུགས་ལེགས་པར་བཟུང་སྟེ།རྫོང་ཡོངས་གོང་འོག་ཏུ་ཧུར་བརྩོན་རང་འགུལ་གྱིས་མཛེས་བཞི་གསར་འཛུགས་དང་མཛེས་བཞི་དྲིལ་བསྒྲགས།མཛེས་བཞི་ལག་ལེན་གང་ལེགས་བྱས་ནས།ཤུགས་ཚད་སྔར་ལས་ཆེར་བཏོན་དང་བྱེད་ཐབས་སྔར་ལས་གོ་ཆོད།དེ་བས་ཡག་པའི་ཕན་འབྲས་གྱིས་མི་རིགས་སོ་སོའི་མི་དམངས་རྩ་འཛུགས་དང་ཁྲིད་སྟོན་བྱས་ནས་མཛེས་བཞི་གསར་འཛུགས་ཀྱི་ཚ་རླབས་འཕྱུར་དགོས་པའི་བླང་བྱ་བཏོན་པ་རེད།