བདེ་ཆེན་གྱི་ཁེ་ལས26ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ནང་ཞུགས་གྲབས་ཡོད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཟླ6པའི་ཚེས14ཉིན་ནས་ཚེས25ཉིན་བར།   ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་དང་སྐབས25བའི་ཀྲུང་གོ་ཁུན་མིང་ཕྱི་གཏོང་ནང་འདྲེན་ཚོང་ཟོག་ཉོ་འཚོང་ཚོགས་འདུ་དེ་ཁུན་མིང་གྲོང་ཁྱེར་ཏེན་ཁྲི་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ནས་བསྡུ་རྒྱུ་ཡིན་ཞིང་།    བདེ་ཆེན་གྱི་ཁེ་ལས26ཐེངས་འདིའི་སྟོན་ཚོགས་ནང་ཞུགས་གྲབས་ཡོད།



        རྒྱུས་ལོན་པ་ལྟར་ན། སྟོན་ཚོགས་ཀྱི་ཡག་པོ་བྱེད་པ དང་།  ཚོང་འདྲེན་དངུལ་འགུག མིང་རྟགས་འགོད་པ་སོགས་ཀྱི་ལས་ཀ་ལེགས་པར་སྒྲུབ་ཕྱིར། རང་ཁུལ་གྱིས་སྐབས་ཐོག་ཏུ2018ལོའི་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་དང་ཀྲུང་གོ་ཁུན་མིང་ཕྱི་གཏོང་ནང་འདྲེན་ཚོང་ཟོག་ཉོ་འཚོང་ཚོགས་འདུའི་བདེ་ཆེན་སྟོན་ཚོགས་ཚོ་ཆུང་བཙུགས་ནས། ལས་ཀའི་ཚོ་ཆུང་འགའ་བཙུགས་ཏེ་འཆར་འགོད་བྱེད་པ་དང་།  གྲོས་མོལ་བྱེད་པ། འགྲེམས་སྟོན་དང་མིང་རྟགས་འགོད་པ་སོགས་ཀྱི་ལས་ཀའི་འོས་འགན་བགོས་ཡོད། མིག་སྔར་ཚན་པ་ཁག་གི་ལས་ཀ་གོ་རིམ་ལྡན་པའི་ངང་ནས་སྤེལ་བཞིན་ཡོད། སྟོན་ཚོགས་ཀྱི་བར་སྐབས་སུ། བདེ་ཆེན་ཁུལ་གྱི་ཁེ་ལས་ཀྱིས་ཡུལ་སྐོར་ཁང་གི་འགྲེམས་ཁུལ་དང་པོ་དང་། ཞིང་ལས་ཁང་གི་འགྲེམས་ཁུལ་གཉིས་པ། རིག་གནས་གསར་གཏོད་ཁང་གི་འགྲེམས་ཁུལ་བཅུ་བདུན་པ། ཤིང་ཆས་སྒྱུ་རྩལ་ཁང་གི་འགྲེམས་ཁུལ་བཅོ་བརྒྱད་པ་དང་བཅུ་དགུ་བ་སོགས་ནས་འགྲེམས་སྟོན་བྱ་རྒྱུ་ཡིན་ཞིང་།  འགྲེམས་སྟོན་བྱེད་པའི་ཚོང་རྫས་ལ་ནས་ཆང་དང་། མཐོ་སྒང་གི་རྒུན་ཆང་། འཁྱགས་ཆང་།  སྐམ་ཤ  ནས་བཟོས་ཐོན་རྫས།  མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྩྭ་སྨན་སོགས་ཞིང་ལས་ཐོན་རྫས་རིགས200ལྷག་ཡོད། གཞན་ཁ་བྲོ་གྲི་དང་། རྫ་ནག  ཤིང་གི་ཅ་ནེ།  བོད་བཟོའི་དངུལ་ཆས་སོགས་ལས་ཤེས་ཐོན་རྫས་རིགས100ལྷག་ཡོད།