སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཉེན་ཡོད་རྫས་འགྱུར་དངོས་རྫས་གཉེར་སྐྱོང་སྡེ་ཚན་གྱིས་མེ་གསོད་འཕྲལ་སྡོམ་ནང་སྦྱོང་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།






        ཟླ6པའི་ཚེས11ཉིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཉེན་ཡོད་རྫས་འགྱུར་དངོས་རྫས་གཉེར་སྐྱོང་སྡེ་ཚན་གྱིས་མེ་གསོད་འཕྲལ་སྡོམ་ནང་སྦྱོང་བྱས་པ་དང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མེ་གསོད་མེ་འགོག་རུ་ཆེན་དང་གནམ་གྲུ་ཐང་མེ་གསོད་རུ་ཁག  རྒྱལ་ཐང་གྲོང་རྡལ་འཕྲོད་བསྟེན་ཁང་གི་མེ་གསོད་དང་སྨན་དོན་མི་སྣ་སོགས་ཐེངས་འདིའི་ནང་སྦྱོང་དུ་ཞུགས་ཡོད།ནང་སྦྱོང་བྱས་ཚར་རྗེས།ཡུལ་དངོས་ཀྱི་སྤྱི་ཁྱབ་བཀོད་འདོམས་པས་ནང་སྦྱོང་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་པ་དང་།མེ་གསོད་རུ་མིས་མེ་གསོད་འཕྲུལ་ཆས་བེད་སྤྱོད་བྱེད་ཐབས་དང་དོ་སྣང་བྱ་དགོས་པའི་དོན་ཚན་འགྲེལ་བཤད་དང་དཔེ་སྟོན་བྱས་པ་རེད།                                 (ཧོ་ཐའེ་ཅུན་གྱིས་པར་ལེན་གསར་འགྱུར་འགོད་པ།)