2018ལོའི་སེམས་ཀྱི་ཉི་ཟླ་ལན་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར་འགོ་བརྩམས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ6པའི་ཚེས15ཉིན།ཁམས་པའི་སྒྱུ་རྩལ་དུས་ཆེན་བསུ་བའི་2018ལོའི་སེམས་ཀྱི་ཉི་ཟླ་ལན་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར་དེ་སེམས་ཀྱི་ཉི་ཟླ་མི་རིགས་ལུས་རྩལ་ལྟེ་གནས་སུ་ཛ་དྲག་ངང་འགོ་བརྩམས།ཐོག་མའི་འགྲན་བསྡུར་དེ་བདེ་ཆེན་ཁུལ་འཐུས་མི་རུ་ཁག་དང་ནུའུ་ཅང་ཁུལ་འཐུས་མི་རུ་ཁག་གཉིས་ཀྱིས་འགྲན་བསྡུར་བྱས་པ་རེད།


        རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་ལན་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར་ཐོག་མཚོ་སྔོན་ཡུལ་ཤུལ་དང་བོད་ལྗོངས་ཆབ་མདོ།སྨར་ཁམས།ཡུན་ནན་ཏ་ལི།ནུའུ་ཅང་།བདེ་ཆེན།དཀར་མཛེས་སྡེ་རོང་།འདབ་པ་བཅས་འཐུས་མི་རུ་ཁག་8འགྲན་བསྡུར་དུ་ཞུགས་ཡོད་པ་རེད།   


        ཐེངས་འདིའི་འགྲན་བསྡུར་ནི་ཁྱོན་བསྡོམས་བསྡུར་ཐེངས16བཀོད་སྒྲིག་བྱས་ཡོད་ལ།ཉིན་5ལ་འགྲན་བསྡུར་བྱེད་རྒྱུ་རེད།ཉིན་རེར་འགྲན་བསྡུར་ཐེངས་4བཀོད་སྒྲིག་བྱས་ཡོད་དེ།སྔ་དྲོའི་དུས་ཚོད་9ནས་12བར་དང་།ཕྱི་དྲོ་དུས་ཚོད་14ནས17བར་ཡིན་པ་རེད།   


        འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་ལུས་རྩལ་ཁང་སྒོ་འགྲམ་དུ་རིན་མེད་སྤ་སེ་སྟེར་བཞིན་ཡོད་པས།རྒྱ་ཆེ་བའི་ལྟད་མོ་བ་རྣམས་ཀྱིས་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ལ་ལྟ་རུ་ཡོང་ཆོག་པ་རེད།