རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ6པའི་ཚེས16ཉིན། བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་་བ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་དམངས་སྲིད་གཞུང་། བདེ་ཆེན་ཁུལ་ཚོང་དོན་ཅུས། བདེ་ཆེན་ཁུལ་ཞིང་འབྲོག་ཅུས། བདེ་ཆེན་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་སོགས་ཀྱིས་སྒྲུབ་འགན་ཁུར་བའི་ཁམས་པའི་སྒྱུ་རྩལ་དུས་ཆེན་བསུ་བའི་2018ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་དང་སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་། སྐབས་གཉིས་པའི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་རླངས་འཁོར་འགྲེམས་སྟོན་གྱི་བྱ་འགུག་དེ་བདེ་ཆེན་ཁུལ་མི་རིགས་མཐུན་སྒྲིལ་ཐང་ཆེན་ནས་གཟབ་རྒྱས་ངང་བསྡུས་པ་རེད།
ཐེངས་འདིའི་སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་དང་སྐབས་གཉིས་པའི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་རླངས་འཁོར་འགྲེམས་སྟོན་གྱི་བྱ་འགུལ་ནི་ཟླ6པའི་ཚེས26ཉིན་དེ་དུས་ཡུན་ཉིན10ལ་སྤེལ་རྒྱུ་ཡིན་པ་རེད།ཚོང་འདུས་སུ་བདེ་ཆེན་ཁུལ་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཁུལ་དང་།རྒྱལ་ཁབ་ཕྱི་ནང་གི་སྤུས་དག་ཁྱད་ལྡན་ཐོན་རྫས་ཁུལ།ཡུན་ནན་མི་རིགས་ཀྱི་ཟས་མཆོག་སྲང་ལམ་བཅས་ཁྱོན་བསྡོམས་བཤམ་གནས་200ལྷག་བཀོད་སྒྲིག་བྱས་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན།སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་དང་རླངས་འཁོར་འགྲེམས་སྟོན་གྱི་བྱ་འགུལ་སྤེལ་བ་བརྒྱུད།སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་དང་ཁྱད་ལྡན་ཐོན་རྫས་སོགས་གང་ལེགས་ཀྱིས་དྲིལ་བསྒྲགས་བྱས་ནས།སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཐོན་རྫས་ཀྱི་མིང་གྲགས་ཆེ་ཇེར་བཏང་སྟེ།ཁེ་ལས་ལ་སྟེགས་བུ་སྐྲུན་པ་དང་།རྒྱལ་ཁབ་སྤྱི་ནང་གི་ཁེ་ལས་མིང་གྲགས་ཅན་ཚུར་འགུག་རྒྱ་ཆེར་བྱས་ནས་སེམས་ཀྱི་ཉི་ཟླའི་ཁྲོམ་ར་གསར་གཏོད་དང་དཔལ་འབྱོར་ཚོང་དོན་མཉམ་ལས་སྤེལ་རེས་ལ་སྐུལ་འདེད་བཏང་བ་རེད།