སེམས་ཀྱི་ཉི་ཟླའི་ལྔ་བའི་རྟ་རྒྱུག་གི་མདའ་རྩལ་འགྲན་བསྡུར་མཇུག་རྫོགས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      


 


 


 


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་6པའི་ཚེས་18ཉིན་གྱི་སྔ་དྲོར་བདེ་ཆེན་གྱི་ལྔ་བའི་རྟ་རྒྱུག་གི་མཛད་སྒོ་གཟབ་རྒྱས་ངང་སྤེལ་རྗེས།  ཚེས་18ཉིན་གྱིས་ཕྱི་དྲོར་འབྲེལ་ཡོད་བྱ་འགུལ་སྣ་ཚོགས་སྤེལ་འགོ་བརྩམས་ཤིང་། མདའ་རྩལ་འགྲན་བསྡུར་ཡང་བདེ་ཆེན་མི་རིགས་ལུས་རྩལ་ཁང་གི་ཕྱི་ར་ནས་སྤེལ་བ་རེད། 

       འགྲན་ཞུགས་པ་སོ་སོས་རང་མི་རིགས་ཀྱི་གཟབ་ཆས་སྤྲས་ནས་སྤྲོ་ནང་ཆེན་པོའི་སྒོ་ནས་འགྲན་བསྡུར་ལ་ཞུགས་ཡོད།ཐེངས་འདིའི་མདའ་འཕེན་འགྲན་བསྡུར་ལ་བསྡོམས་པས་འགྲན་ཞུགས་པ་མི་40ལྷག་ཞུགས་ཡོད་ལ།ཛ་དྲག་གི་འགྲན་བསྡུར་སྤེལ་བ་བརྒྱུད་བློ་བཟང་དབང་འདུས་ཀྱིས་མདའ་རྩལ་འགྲན་བསྡུར་གྱི་ཨང་དང་པོའི་བྱ་དགའ་བླངས་པ་དང་།ལི་ཧྭ་དང་ནོར་འགྲུབ་གཉིས་ཀྱིས་ཀློ་གདའ་འགྲན་བསྡུར་གྱི་སྐྱེས་པ་དང་བུད་མེད་ཚོ་ཆུང་གི་ཨང་དང་པོའི་བྱ་དགའ་བླངས་པ་རེད།