རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སློབ་གསོའི་དམངས་ཕན་དོན་འཁྱོལ་ཡག་པོ་བྱེད་པ་དང་དམངས་ཕན་སློབ་གསོའི་གོ་ཚད་ཇེ་མཐོར་གཏོང་ཆེད།རང་ཁུལ་གྱི་སློབ་གསོའི་སྡེ་ཁག་གིས་རྒྱུད་རིམ་སྟབས་བདེ་བྱེད་པ་བརྒྱུད་ནས་མང་ཚོགས་ཀྱི་གོ་ཚད་མཐོར་འདེགས་ཀྱིས་དམངས་ཕན་སློབ་གསོ་ཏན་ཏིག་སྒོས་རོགས་རམ་མཁོ་བའི་སློར་མ་སོ་སོས་མྱོང་ཐུབ་པར་བྱ་རྒྱུ་ཡིན་པ་རེད།
རྒྱུས་ལོན་བྱུང་ལྟར་ན། རང་ཁུལ་གྱི་ལོ་སྔོན་མ་དག་གི་རོགས་སྐྱོར་བྱེད་པའི་བརྒྱུད་རིམ་ནི་ཆ་རྐྱེན་འོས་འཚམས་ཡིན་པའི་སློབ་མས་མཐོ་རྒྱུགས་མཇུག་རྫོགས་ནས་སློབ་ཆེན་གྱི་སློབ་བསྡུའི་བརྡ་ཡིག་འབྱོར་རྗེས་རང་རང་གི་མཐོ་འབྲིང་གི་སློབ་གྲྭའི་ནང་སོང་ནས་སྙན་ཞུ་བྱེད་པ་ཞིག་ཡིན་ལ།སྙན་ཞུ་བྱེད་པའི་སྐབས་སུ་ཆ་རྐྱེན་འོས་འཚམས་ཡིན་པའི་སློབ་མ་འགའ་རེའི་སྲིད་ཇུས་ཀྱི་གོ་ཚད་མི་མཐོ་བའི་རྐྱེན་གྱིས་སྙན་ཞུ་བྱེད་མ་ཐུབ་པའི་གནས་ཚུལ་བྱུང་པ་རེད།ད་ལོ་ནས་བཟུང་ཁུལ་སློབ་གསོ་ཅུས་ཀྱིས་མཐོ་རྒྱུགས་ཀྱི་སྔོན་ལ་ཆ་རྐྱེན་འོས་འཚམས་ཡིན་པའི་སློབ་མ་ཡོངས་ཀྱིས་སློབ་གྲྭའི་ནང་ནས་གཅིག་གྱུར་གྱིས་སྙན་ཞུའི་རེའུ་མིག་བསྐང་པས་རེའུ་མིག་སྐོང་བ་ཚད་ལྡན་དང་ཆ་རྐྱེན་འོས་འཚམས་ཡིན་པའི་སློམ་མ་གཅིག་ཀྱང་ཆད་ལུས་ཀྱི་གནས་ཚུལ་མེད་པ་ཁག་ཐེག་བྱས་ཏེ།སྲིད་ཇུས་མྱོང་ཐུབ་པའི་སློབ་མ་ག་ཚོད་ཡོད་ན་ཚང་མས་མྱོང་ཐུབ་པ་བྱས་པ་རེད།ཕྱོགས་གཞན་ཞིག་ནས་རང་ཁུལ་གྱིས་རོགས་སྐྱོར་གྱི་གོ་རིམ་སྟབས་བདེ་བྱས་ཡོད་པ་རེད།ལོ་སྔོན་མ་དག་ལ་སློབ་མས་སྙན་ཞུའི་རེའུ་མིག་སྐོང་རྗེས་འབྲེལ་ཡོད་ལས་ཁུངས་སོ་སོར་སོང་ནས་ཐམ་ག་རྒྱག་དགོས།ད་ལོ་ནས་བཟུང་སྟབས་བདེ་བྱས་ནས་སློབ་མས་རེའུ་མིག་སྐོང་རྗེས་ཐམ་འགོད་ཞིབ་བཤེར་སོགས་ཀྱི་རྗེས་མཐུད་ལས་དོན་ཁག་སློབ་གསོ་ཅུས་ཀྱིས་སློབ་གྲྭ་དང་ཁྱིམ་ཐོབ་ཡོད་སའི་རྫོང་དང་གྲོང་ཁྱེར་སློབ་གསོ་ཅུས་བཅས་ཀྱིས་གཅིག་གྱུར་འཆར་འགོད་ཀྱིས་སྒྲུབ་ངེས་ཡིན་པས།རོགས་སྐྱོར་སྙན་ཞུའི་བརྒྱུད་རིམ་སྟབས་བདེ་དང་སློབ་མའི་ལས་འགན་ཇེ་ཡང་དུ་བཏང་ཡོད་པ་རེད།
སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་བྱེད་པ། དམངས་ཕན་སློབ་གསོའི་གོ་ཚད་ཇེ་མཐོར་གཏོང་ཆེད།ད་ལོའི་ཟླ་5ནས་བཟུང་སློབ་གསོའི་སྡེ་ཁག་གིས་རྣམ་པ་མང་བའི་སློབ་གསོའི་དམངས་ཕན་སྲིད་ཇུས་ཀྱི་དྲིལ་བསྒྲགས་བྱེད་སྒོ་བསྡུས་པ་རེད།ཁྱིམ་བདག་ཚོགས་འདུ་དང་འཛིན་གྲྭའི་ནང་བསྒྲགས་འདོན་བྱེད་པ།སློབ་གྲྭ་སོ་སོ་དང་ཤང་སྲིད་གཞུང་སོ་སོ། གྲོང་ཚོ་ཨུ་ཡོན་ལྷན་ཁང་བཅས་ཀྱི་དྲིལ་བསྒྲགས་སྒོ་སམ་སོགས་སུ་སློབ་གསོའི་དམངས་ཕན་སྲིད་ཇུས་ཀྱི་དྲིལ་བསྒྲགས་བརྡ་ཡིག་སྦྱར་བ།དྲིལ་བསྒྲགས་ལག་དེབ་བཀྲམ་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་དྲིལ་བསྒྲགས་ལ་ཤུགས་སྣོན་བྱས་པ་རེད།དུས་མཚུངས་སུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སློབ་གསོའི་དྲ་བ་དང་“བདེ་ཆེན་སློབ་གསོ་”སྐད་འཕྲིན་སྤྱི་སྟེགས་ནས་སློབ་གསོའི་དམངས་ཕན་སྲིད་ཇུས་ཀྱི་ནང་དོན་སྤེལ་ཞིང་།འབྲེལ་ཡོད་སྡེ་ཁག་དང་ཚན་ཁག་གི་འབྲེལ་གཏུག་ཨང་གྲངས་སྤྱི་བསྒྲགས་བྱས་ཡོད་པས།མང་ཚོགས་ཀྱིས་སྲིད་ཇུས་ལ་རྒྱུས་ལོན་བྱེད་པའི་ལམ་བུ་ཇེ་ཡངས་ལ་བཏང་ཡོད་ལ། དམངས་ཕན་སྲིད་ཇུས་འདི་དག་མི་སོ་སོས་ཤེས་ཐུབ་པར་བྱས་ཡོད་པ་རེད།བྱེད་སྒོས་བསྡོམས་པས་དྲིལ་བསྒྲགས་བརྡ་སྦྱོར་3170དང་དྲིལ་བསྒྲགས་ལག་དེབ་63900བཀྲམས་པ་རེད།