རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ་6པའི་ཚེས་24ཉིན་གྱི་སྔ་དྲོར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལས་ཁྱེར་ངལ་གསོ་བ་རྒན་པའི་ཏང་ཨུ་རྩ་འཛུགས་ཀྱིས་གྲོང་ཁུལ་གྱི་རྒན་པའི་སློབ་ཆེན་མཉམ་ལེན་ཚོགས་པ་དང་།དེ་མིན་ཚང་ཧྥང་། ཅིན་ཞང་། རྒྱལ་ཐང་། ལྕགས་མཁར། ཀླུ་ཆུ་སོགས་ཡན་ལག་པུའུ་སོ་སོས་2018ལོའི་“བདུན་གཅིག་ཏང་བཙུགས་དུས་ཆེན་”ལ་ཏང་ལ་བསྟོད་གླུ་ཕུལ་བའི་བྱེད་སྒོ་སྤེལ་བ་རེད། ལས་བྱེད་པ་རྒན་པ་རྣམས་ཀྱིས་《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད་》ཞེས་པ་དང་《པེ་ཅིང་གི་གསེར་རིའི་སྟེང་》ཞེས་པ་སོགས་གསར་བརྗེའི་གླུ་དབྱངས་མང་བོ་མཉམ་ལེན་བྱས་ཤིང་། སྤོ་སེམས་ཀྱིས་ཁེངས་པའི་དབྱངས་རྟ་དང་དཔའ་སྟོབས་ཀྱིས་གཏམས་པའི་གླུ་སྐད་ཀྱིས་ཏང་ལ་འགྱུར་མེད་ཀྱི་བློ་བཀུར་དང་བརྩེ་སེམས་མཚོན་པར་བྱས་ཏེ། ལོ་ན་རྒས་ཡང་ཉམས་པ་མེད་པའི་སྙིང་སྟོབས་མཚོན་པར་བྱས།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒན་པའི་སློབ་ཆེན་གྱི་ཨ་ནེ་ཟླ་བ་སྒྲོལ་མས་“དུས་རབས་གསར་བའི་སྤྱི་ཚོགས་ཁྲོད་འཚོ་གནས་བྱེད་པའི་མི་ཞིག་ཡིན་པའི་ཆ་ནས་ང་ལ་བདེ་སྐྱིད་ཀྱི་སྣང་བ་ཆེན་པོ་ལྡན། དེ་རིང་ང་ཚོས་གླུ་སྐད་ཀྱིས་ཏང་བཙུགས་པའི་དུས་ཆེན་བསུ་ནས། རླབས་ཆེན་གྱི་ཏང་ལ་བཀའ་དྲིན་དང་རླབས་ཆེན་གྱི་མེས་རྒྱལ་ལ་དྲིན་བཟོ་བྱས་པ་ཡིན་”ཞེས་བཤད།