དབུལ་ཕོངས་ཁྱིམ་མི་སྒྲོལ་དཀར་གྱིས་གྲོང་ཚོ་ཨུ་ཡོན་ཨུ་ཡོན་ལྷན་ཁང་ལ་དབུལ་ཕོངས་ཁྱིམ་ཚང་ལས་འབུད་པའི་རེ་བ་ཞུས་པ་རེད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        “འཚོ་བ་ཇེ་བཟང་ལ་བུད་སོང་། ངེད་ཚང་དབུལ་ཕོངས་ཁྱིམ་ཚང་ལས་འབུད་པའི་རེ་བ་ཞུས་པ་ཡིན།ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ་ཞུ། འགོ་ཁྲིད་རྣམ་པ་བཀའ་དྲིན་ཆེ།ངས་ཁྱེད་རྣམ་པར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། ཧྲུའུ་ཅི་ཁྱེད་ཀྱིས་ངའི་ཚབ་བྱས་ནས་གོང་རིམ་ལ་བཀའ་དྲིན་ཞུ་རོགས།ཁྱེད་ཚོས་དཀའ་ལས་མྱངས་སོང་།”འདི་ནི་འཇོལ་རྫོང་གི་དབུལ་ཕོངས་ཁྱིམ་མི་ཞིག་གིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་ལ་ཁོང་ཚང་དབུལ་ཕོངས་ཁྱིམ་ཚང་ལས་འབུད་པའི་རེ་བ་ཞུས་པའི་སྐད་འཕྲིན་ཐོག་ཁ་བརྡ་བྱེད་པའི་སྐད་ཆ་ཡིན་ལ།འདི་ནི་ཁོ་མོས་ཏང་དང་སྲིད་གཞུང་གི་བཀའ་དྲིན་དྲན་པའི་སེམས་གཏམ་ཡིན་པ་རེད། 

        རྒྱུས་ལོན་བྱུང་བ་ལྟར་ན།སྒྲོལ་དཀར་དཀའ་ཁག་མང་པོར་འཕྲད་ཅིང་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་རང་ཉིད་ལ་དབང་བའི་འཚོ་བ་རོལ་བ་རེད།ཁྱིམ་གང་བོར་བཟའ་མི་གཉིས་མིན་ནས་མེད་ལ། བུ་གཅིག་པུས་རྒྱལ་ཁབ་ཀྱི་བྱ་བར་རྒྱུགས་འཕྲོད་ཡོད་དེ།བརྟན་འཇགས་ཀྱི་ཡོང་འབབ་ཡོད་ལ།ཁོ་མོས་རྒུན་འབྲུམ་འདེབས་འཛུགས་བྱེད་བཞིན་ཡོད་ལ་ལོ་རེར་སྒོར་ཁྲི་ལྷག་གི་ཡོང་འབབ་ཡོད་པ་རེད།


        “ཧྲུའུ་ཅི།དགོངས་དག་ཞུ། ང་ལ་ཁྱོད་ད་རུང་སྐད་ཆ་མང་བོ་ཞིག་བཤད་རྒྱུ་ཡོད། ད་ལྟའི་བར་ང་མི་སྤྱིར་བཏང་བ་ཞིག་ཡིན་རུང་འོན་ཀྱང་དཀའ་ཁག་མང་པོ་ཞིག་བརྒྱུད་པའི་གཏམ་རྒྱུད་ཡོད།1999ལོའི་ཟླ་9བའི་ཚེས་27ཉིན་ངའི་ཁྱོ་ག་ནད་ལས་འཐར་མ་ཐུབ་པར་རྫོང་མི་དམངས་སྨན་ཁང་ནས་འདས་སོང་།2000ལོར་རྒྱལ་ཁབ་ཀྱིས་ང་ལ་ཐེངས་གཅིག་སྒོར་9000ཡི་འདས་མཆོད་སྒྲུབ་བྱེད་བྱིན་ཡོད་པ་དང་།2001ལོ་ནས་2012ལོའི་བར་ང་ལ་ལོ་རེར་སྒོར་600ཡི་འདས་པོའི་གྲོན་དངུལ་བྱིན་ཡོད། 2013ལོར་སྒོར་1225བྱིན་ཡོད་པ་དང་།2014ལོར་སྒོར་1258བྱིན་ཡོད། 2015ལོར་སྒོར་1630བྱིན་ཡོད། 2016ལོར་སྒོར་1680བྱིན་ཡིད།2017ལོར་ཐད་ཀར་སྒོར་4100ལ་འཕར་བ་རེད། འདི་ཚང་མ་ངས་མྱངས་པའི་ཁ་གསབ་རོགས་དངུལ་ཡིན། ད་རུང་2003ལོར་ངེད་ཚང་གི་ཁང་བར་མེ་སྐྱོན་ཤོར་བས་རྒྱལ་ཁབ་ཀྱིས་སྒོར་9000ཡི་རོགས་དངུལ་བྱིན་ཡོད།2017ལོའི་ཟླ་7པའི་ཚེས་7ཉིན་ངའི་ཨ་མ་ཚེ་ལས་འདས་པ་ཡིན་ལ། 2009ལོའི་ཟླ་8པའི་ཚེས་16ཉིན་ངའི་ནུ་བོ་རླངས་འཁོར་གྱི་རྐྱེན་ངན་ལས་འདས་སོང་།2011ལོར་ངའི་བུ་ཆེ་བ་ཡང་འཕྲུལ་རྟའི་རྐྱེན་ངན་ལས་འདས་སོང་། འདི་ལྟར་ལོ་དྲུག་གི་རིང་དུ་ང་ལ་མཚོན་ན་ཆེས་གལ་ཆེ་བའི་མི་གསུམ་སྔ་ཕྱི་བྱས་ནས་ང་དང་རྟག་ཏུ་གྱེས་སོང་།འདི་ལྟ་བུའི་གདུང་བ་དང་སྡུག་བསྔལ་གྱིས་འདི་ལྟར་གསོན་པ་ལས་ཤི་ན་དགའ་བའི་སེམས་པ་སྐྱེས་སུ་བཅུགའོན་ཀྱང་དུས་དེར་ངའི་བྱིས་པ་བསྟན་ནོར་སློབ་ཆེན་འགྲིམ་བཞིན་ཡོད་དེ།ཁོ་བསྐྱུར་རྒྱུ་དེ་བློས་ཀྱིས་མ་ཐོངས། དེ་ལྟར་རང་ཉིན་གྱིས་བསམ་བློ་བཏང་ནས་འདི་ལྟར་ང་ཤི་སོང་ན་བྱིས་པ་ཅི་ལྟར་བྱེད།ཨ་ཕ་ཅི་ལྟར་བྱེད། འདི་ལྟར་བྱས་ན་ཏང་དང་སྲིད་གཞུང་། ད་རུང་ང་ལ་རོགས་རམ་བྱས་མྱོང་བའི་མི་དེ་རྣམས་ཀྱི་རེ་བ་ཆུ་ཟོས་སུ་བཏང་བ་མ་ཡིན་ནམ་བསམ་ནས་དཀའ་ཁག་ཅི་ཞིག་ལ་ཐུག་རུང་ད་ལྟའི་བར་རྒྱུན་འཁྱོངས་བྱས་པ་ཡིན།ངས་རྒྱུན་འཁྱོངས་བྱེད་ཐུབ་སོང་། བུ་ཡང་སྤྱི་ཚོགས་ལ་དགོས་མཁོ་ཡོད་པའི་མི་ཞིག་ཏུ་གྱུར་ཡོད།ཨ་ཕར་ཡང་བདག་བཟང་བོ་བྱེད་ཐུབ་སོང་། ད་ལྟ་ཁྱིམ་ན་ང་གཅིག་པུ་ཡིན་པས་དཀའ་ཁག་ཅི་ཡང་མེད།ང་ལ་དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ཡོད་པ་ནི་ཏང་དང་སྲིད་གཞུང་གི་བཀའ་དྲིན་ཡིན་ལ།ད་རུང་མི་མང་བོ་ཞིག་གིས་རོགས་བྱས་པས་ངས་དེ་རིང་གི་འཚོ་བ་སྐྱིད་པོ་འདི་རོལ་ཐུབ་སོང་བ་ཡིན།མ་མཐའི་འཚོ་བའི་འགན་ལེན་དང་རྒན་གསོའི་རོགས་དངུལ།ད་རུང་བྱིས་པས་སློབ་ཆེན་འགྲིམ་པའི་སྐབས་སུ་རྒྱལ་ཁབ་ཀྱིས་ལོ་རེར་སྒོར་2000རེ་བྱིན་ཡོད།འདི་ཚང་མ་མྱངས་པའི་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ཡིན།གུང་ཁྲན་ཏང་གི་སྲིད་ཇུས་བཟང་པོ་དང་འགོ་ཁྲིད་བཟང་པ།    བསམ་པ་བཟང་པོའི་མི་མང་བོ་བྱུང་བ་རེད་”ཅེས་པའི་སྐད་ཆ་འདི་དག་སྒྲོལ་དཀར་གྱིས་དངོས་སུ་བཤད་པ་རེད།

        འཇོལ་རྫོང་ཧྥོ་ཧྲན་ཤང་ཅང་ཕོ་གྲོང་ཅི་ལི་ཚོ་ཆུང་གི་གྲོང་ཚོའི་ཙུང་ཀྲིའི་ཧྲུའུ་ཅི་བཀྲ་ཤིས་ནོར་བུས་བཤད་པ་ལྟར་ན།སྒྲོལ་དཀར་ལ་ལས་ལ་བརྩོན་པའི་ལག་ཟུང་ཡོད་པ་མ་ཟད། དུས་རྒྱུན་རང་ཁྱིམ་ནས་ཡི་གེ་འབྲི་སྦྱོང་བྱེད་ལ།ཏང་དང་སྲིད་གཞུང་གི་སྲིད་ཇུས་ལག་བསྟར་ལ་ཐུགས་ཁུར་ཆེན་པོ་བྱེད་དེ། ཉིན་རེའི་གསར་འགྱུར་མཉམ་སྒྲོག་ནི་ཁོ་མོས་ངེས་པར་ལྟ་བའི་ལེ་ཚན་ཡིན་པ་མ་ཟད།སྐད་འཕྲིན་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། སྒྲོལ་དཀར་དང་བཀྲ་ཤིས་ནོར་བུ་གཉིས་ཀྱི་ཁ་བརྡའི་ནང་དོན་ལས་འཆམ་མཐུན་གྱི་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་བཟང་བོ་མངོན་ཡོད་ལ།འདི་དྲོད་འཇམ་གྱི་དཔྱིད་རླུང་ཞིག་དང་འདྲ་བར་དབུལ་སྐྱོར་མདུན་ས་ན་ཧུར་བརྩོན་བྱེད་བཞིན་རྒྱ་ཆེའི་ལས་བྱེད་པའི་སེམས་ཀྱི་ཞིང་ས་དེར་ལྡིང་བ་རེད།