རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-06-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲྲིན། ཟླ6པའི་ཚེས་28ཉིན་(དེ་རིང་།)ནི་དམའ་རིམ་སློབ་འབྲིང་གི་སྦྱོང་ཚན་ཆུ་ཚད་རྒྱུགས་ལེན་འགོ་ཚུགས་པའི་ཉིན་མོ་ཡིན་ལ། ཡིག་རྒྱུགས་དེ་དུས་ཡུན་ཉིན་ལྔ་ལེན་དགོས་པ་དང་རིག་གཞུང་ཚན་ཁག་སྣ་བཅུའམ་བཅུ་གཅིག་(བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གི་སློབ་མ་དག་བོད་སྐད་ཡིག་ཞིག་མང་བ)རྒྱུགས་ལེན་དགོས་པ་རེད།
ཤེས་རྟོགས་བྱུང་དོན།ད་ལོ་རང་ཁུལ་གྱི་སློབ་མ་4866ཡིག་རྒྱུགས་དེར་ཞུགས་ཡོད་པ་དང་། ཁུལ་ཡོངས་སུ་རྒྱུགས་ལེན་ས་8འཛུགས་ཡོད་དེ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཁག་བཞི་དང་འཇོལ་རྫོང་དུ་ཁག་གཅིག འབའ་ལུང་རྫོང་དུ་ཁགགསུམ་བཅས་རེད།