རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། ཐོན་རྫས་གྲོང་སྡེ་ནས་ཐོན་ཏེ་དབུལ་སྐྱོར་ལ་རོགས་རམ་བྱེད་པ་ཞེས་པ་བརྗོད་བྱ་གཙོ་བོར་གྱུར་བའི་2018ལོའི་རྒྱལ་ཡོངས་དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་ཐོན་རྫས་འབྲེལ་མཐུད་བྱེད་སྒོ་པེ་ཅིང་ནས་འཚོགས་པ། རང་ཁུལ་གྱིས་རྫོང་གསུམ་(གྲོང་ཁྱེར་)གྱི་སྣེ་ཁྲིད་ཁེ་ལས་10སྒྲིག་འཛུགས་བྱས་ནས་བྱེད་སྒོར་ཞུགས་པ་དང་། རྒྱལ་ནང་གི་ཉོ་སྒྲུབ་ཚོང་ཁང་ཆེས་གྲས་མང་ཙམ་དང་ཞིང་ལས་ཐོན་རྫས་སྣ་9ཡི་གྲོས་མཐུན་བཞག་སྟེ། གྲོས་མཐུན་མ་དངུལ་སྒོར་ཁྲི་278ཟིན་པ་རེད།
ཤེས་གསལ་བྱུང་དོན། རང་ཁུལ་གྱི་ཐོན་རྫས་འབྲེལ་མཐུད་བྱེད་སྒོར་ཞུགས་པའི་ཐོན་རྫས་ཀྲུང་ལུགས་སྨན་རྫས་དང་བེ་ཤ རྒུན་ཆང་། གཡག་ཤ་སོགས་ཞིང་ལས་ཐོན་རྫས་ཡོད། དེའི་ནང་། བདེ་ཆེན་གཙང་གསུམ་སྐྱེ་དངོས་གསར་གཏོད་ཚད་ཡོད་ཀུང་སིས་པེ་ཅིན་ཁང་རེན་ཐང་སྨན་ལས་དང་ལོ་རེར་སྨན་རྫས་ཧྥུན་ཕན་ཏུན་60འདོན་པའི་གྲོས་མཐུན་བཞག་པ་དང་། གྲོས་མཐུན་མ་དངུལ་སྒོར་ཁྲི་159ཟིན་པ།ཡུན་ནན་བོད་ཡུལ་ཐན་ཞང་ཆང་ལས་ཚད་ཡོད་ཀུང་སིས་ཡུན་ནན་ཁང་ཆེན་དང་པེ་ཅིན་ཡུན་ནན་ཁྱད་ལྡན་ཐོན་རྫས་བདག་གཉེར་ཚོང་ཁང་། ཅེ་ཞུས་ཚན་རྩལ་ཚད་ཡོད་ཀུང་སི་སོ་སོ་ལ་ལོ་རེར་འཕགས་པ་ལྷ་རྒུན་ཆང་སྒམ་50 སྒམ་10 སྒམ་20འདོན་པའི་གྲོས་མཐུན་བཞག་པ་དང་གྲོས་མཐུན་མ་དངུལ་སྒོར་ཁྲི་48ཟིན་པ་རེད། སེམས་ཀྱི་ཉི་ཟླའི་བོད་ལྷ་སྐྱེ་དངོས་སྨན་ལས་ཚད་ཡོད་ཀུང་སིས་པེ་ཅིན་ཏེ་ཧྲེན་མེ་ཞེས་པའི་ཀྲུང་ལུགས་སྨན་ཁང་དང་སྒོར་ཁྲི་23ཟིན་པའི་གྲོས་མཐུན་བཞན་པ། གཞན་པའི་གྲོས་མཐུན་མ་དངུལ་སྒོར་ཁྲི་48ཟིན་པ་རེད།
བྱེད་སྒོའི་ཁྲོད་དུ། རང་ཁུལ་གྱིས་ཀྲུང་གོའི་ཞིང་གྲོང་མཉམ་ལས་དཔལ་འབྱོར་མཐུན་ཚོགས་དང་། ཞིང་ལས་ཞིང་གྲོང་པུའུ་ཚོང་ར་དང་ཆ་འཕྲིན་ཀུང་སི། ཞིང་ཆེན་གྱི་པེ་ཅིན་དུ་བཅའ་སྡོད་བྱེད་པའི་གཞུང་ལས་ཁང་སོགས་ཀྱི་ལས་ཁུངས་དང་མཉམ་འབྲེལ་ལེགས་པོ་བྱས་ནས། ཞིང་ཆེན་བཞིའི་བོད་ཁུལ་(སི་ཁྲོན། ཡུན་ནན། མཚོ་སྔོན། ཀན་ལྷོ།)ཡི་ཞིང་ལས་ཐོན་རྫས་མཁོ་འཚོང་འབྲེལ་མཐུད་བྱེད་སྒོ་ད་ལོའི་ཟླ་9པའི་སྐབས་བཅུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་སུ་རང་ཁུལ་ནས་སྤེལ་རྒྱུ་ཡིན་པ་རེད།