རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྲུང་ཧའོ་རི་སྐྱེས་སྨན་རྩྭ་འདེབས་འཛུགས་ཚད་ཡོད་འགན་འཁྲིའི་ཀུང་སིའི་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ཞི་བདེ་གྲོང་ཚོ་ན་ཡོད་ལ། གཙོ་བོ་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་དང་ལས་སྣོན་སྐོར་ཚོང་གཉེར་བྱེད་བཞིན་ཡོད།
ཀུང་སི་བཙུགས་པ་ནས་བཟུང་“ཀུང་སི་དང་རྟེན་གཞི།ཞིང་དུད་མཉམ་ལས་ཀྱི་བྱེད་ཐབས་བཀོལ་བ་བརྒྱུད་ནས་མཐོ་སྒང་ས་ཁུལ་གྱི་སྨན་རྩྭ་འདེབས་འཛུགས་ཀྱི་ཐོན་ལས་གསོ་སྐྱོང་བྱས་པ་རེད།
2017ལོའི་ལོ་མཇུག་བར་དུ་ཀུང་སིས་མཐོ་སྒང་ས་གྲང་འཁྱག་ཁུལ་དུ་ཁྱད་ལྡན་སྨན་རྩྭ་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འདེབས་འཛུགས་དེ་གཙོ་གནད་དུ་བཟུང་ནས་རྟེན་གཞི་ས་མུའུ་921འཛུགས་སྐྲུན་ལེགས་འགྲུབ་བྱུང་ཞིང་། དེའི་ཁྲོད་སྨན་རྩྭའི་མྱུ་གུ་འདེབས་ས་ས་མུའུ་85དང་ས་མཐོའི་གྲང་འཁྱག་ཁུལ་གྱི་ཀྲུང་ལུགས་སྨན་རྩྭའི་ཚོད་ལྟའི་རྟེན་གཞི་ས་མུའུ་836ཡོད་པ་རེད། ཞིང་ཁྱིམ་དང་མཉམ་འབྲེལ་བྱེད་པ་བརྒྱུད་ནས་ཀྲུང་ལུགས་སྨན་རྩྭའི་འདེབས་འཛུགས་ས་མུའུ་2000རྒྱ་བསྐྱེད་ལ། ཞིང་ཁྱིམ་686ལ་ཕན་ཁེ་ཐོབ་པ་བྱས་ཤིང་། ཕན་འབྲས་ལྡན་པའི་སྒོ་ནས་ས་གནས་མང་ཚོགས་ལ་ཡོང་འབབ་ཐོབ་པར་བྱས་ཏེ་ཀུང་སིས་ཕྱོགས་གཉིས་ཀར་ཕན་འབྲས་ཐོབ་པའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱུང་བ་རེད།