རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2018-07-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
བདེ་ཆེན་གྱི་ལོ་རྒྱུས་ཐོག་མི་རིགས་མང་པོ་འཆམ་མཐུན་མཉམ་གནས་དང་། ཆོས་ལུགས་མང་པོ་མཉམ་གནས། མཉམ་དུ་འཕེལ་རྒྱས་བྱུང་བའི་རྣམ་པ་མངོན་ཡོད།
རྡོ་ཆས་རྙིང་བའི་དུས་སྐབས་ཀྱི་དུས་མཇུག་ཏུ་བདེ་ཆེན་གྱི་མངའ་ཁོངས་ནང་དུ་མིའི་རིགས་ཀྱིས་བྱ་འགུལ་སྤེལ་གྱི་ཡོད་ཅིང་། རྗེས་སུ་མི་རིགས་གནས་སྤོ་དང་། མི་རིགས་བར་གྱི་འཐབ་འཛིང་། མི་རིགས་མང་པོ་འབྲེལ་འདྲིས་དང་མཉམ་འདྲེས་བྱུང་བ་ལ་བརྟེན་ནས། མཇུག་མཐར་བོད་རིགས་གཙོ་བྱས་ཏེ་འཇང་དང་རྒྱ། དབྱི་རིགས། ལི་སུའུ། པའེ་རིགས། མིའོ་རིགས། ཧུའེ་རིགས། ཕུའུ་སྨི་སོགས་མི་རིགས9གཏན་སྡོད་བྱས་ཡོད་ཅིང་། གཞན་མི་རིགས16ཁ་ཐོར་དུ་གནས་ཡོད། མིའོ་རིགས་དང་ཧུའེ་རིགས་གཉིས་མ་གཏོགས། བོད་དང་ལི་སུའུ། འཇང་། རྒྱ། དབྱི་རིགས། པའེ་རིགས། ཕུའུ་སྨི་སོགས་མི་རིགས་བདུན་གྱི་སྐད་ཆ་ནི་བོད་རྒྱ་སྐད་ཁོངས་ནང་གཏོགས་པ་ཡིན། ཡིན་ནའང་སྐད་ཆ་མི་གཅིག་པ་དང་ཡུལ་སྲོལ་གོམས་གཤིས་མི་གཅིག་པས་མི་རིགས9དང་སྐད་རིགས7ཡི་གེ5ཡི་རྣམ་པ་བྱུང་།
2010ལོར་ཁུལ་ཡོངས་སུ་མི་གྲངས་སྡོམ་རྩིས་བྱས་པ་གཞིར་བཟུང་ན། ཁུལ་ཡོངས་སུ་ཁྱིམ་ཐོ་ཡོད་པའི་མི་གྲངས357528ཡོད།དེའི་ཁྲོད་དུ་བོད་རིགས127233ཡོད།ལི་སུའུ་རིགས107461ཡོད།འཇང་རིགས46010ཡོད། པའེ་རིགས14654ཡོད། དབྱི་རིགས14567ཡོད། ཕུའུ་སྨི1970ཡོད། ཧུའེ་རིགས1127ཡོད། མིའོ་རིགས1415ཡོད། ནུའུ་རིགས180ཡོད། ཏུའུ་ལུང་རིགས171ཡོད། གཞན་གྱི་གྲངས་ཉུང་མི་རིགས359ཡོད། གྲངས་ཉུང་མི་རིགས་ཀྱི་མི་གྲངས་བསྡོམས་པས315147ཡོད་ཅིང་། སྤྱིའི་མི་གྲངས་ཀྱི་88.15%ཟིན་པ་རེད། དེའི་ཁྲོད་དུ་བོད་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི35.59%ཟིན་པ་རེད། རྒྱ་རིགས42381ཡོད་ཅིང་། སྤྱིའི་མི་གྲངས་ཀྱི་11.85%ཟིན་པ་རེད།