རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སྟག་མཆོང་གྲོག་རོང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་ཡོད་ལ། གྲོང་མཁར་ནས་དེའི་བར་ལ་སྤྱི་ལེ་ 105 ཡོད། ཧ་པ་རི་བོ་དང་གཡུ་འབྲུག་རི་བོ་གཉིས་ཀྱི་འབྲེལ་མཚམས་སུ་ཆགས་ཡོད། དེ་ནི་འཛམ་གླིང་གི་གྲོག་རོང་གྲགས་ཅན་ཞིག་ཡིན།ཟླ6པའི་ཟླ་མཇུག་ནས་ཟླ7པའི་ཟླ་སྟོད་བར་ནི། སྟག་མཆོང་གྲོག་རོང་དུ་ཆར་ཆུ་མང་ཞིང་ཆུ་ལོག་རྒྱུག་པའི་དུས་སྐབས་ཡིན་པས། ཆུ་ལོག་རྒྱུག་པའི་སྣང་བརྙན་བརྗིད་རྔམ་ལྡན་པ་ཞིག་གྲུབ་ཡོད།
ཉེ་ཆར།སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱི་ཆུ་ལོག་གི་བརྗིད་རྔམ་ལྡན་པའི་རྣམ་པ་ལ་བལྟ་མཁན་གྱི་ཡུལ་སྐོར་བ་རྒྱུན་མ་ཆད་པར་བྱུང་གི་ཡོད། སེམས་ཀྱི་ཉི་ཟླའི་ཡུལ་ན་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་། ནགས་ཕག་མཚོ། ཁ་བ་དཀར་པོ། འབའ་ལྷག་དཀར་འཛོམས།དགའ་ལྡན་སུམ་རྩེན་གླིང་།སྟག་མཆོང་གྲོག་རོང་།རྡོ་མཁར་རྫོང་སོགས་ངོ་མཚར་བའི་རང་བྱུང་མཛེས་ལྗོངས་དང་གནའ་ཤུལ་གྲགས་ཅན་མང་པོ་ཡོད་པས།སྐུ་ཉིད་སེམས་ཀྱི་ཉི་ཟླར་འགྲུལ་བཞུད་ཐེངས་ཤིག་ཕེབས་པར་ང་ཚོས་ལྷག་བསམ་རྣམ་དག་གི་སྒོ་ནས་དགའ་བསུ་ཞུ།