རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2018-07-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཉེ་ཆར། 2018 ལོའི་ཟླ་3 པའི་བར་གྱི་རྒྱལ་ཡོངས་སྐད་འཕྲིན་སྤྱི་རྟགས་ལེགས་གྲས་100ཡི་ཨང་རིམ་གསར་ཐོན་བྱུང་ཡོད། དེ་དག་ལས་ཨང་རིམ་བཅུའི་གྲས་སུ་ཚུད་ཡོད་པའི་སྤྱི་སྟེགས་ནི་མི་དམངས་ཉིན་རེའི་ཚགས་པར། (rmrbwx) ཞིན་ཧྭ་གསར་འགྱུར་ཁང་། (xinhuashefabu1) ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར། (cctvnewscenter)མི་དམངས་དྲ་བ། (people_rmw) ལེང་ཐུའུ། (lengtoo) ཀྲུང་གོའི་སྲིད་གཞུང་དྲ་བ། (zhengfu) ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ནོར་སྲིད་དང་དཔལ་འབྱོར། (cctvyscj) ཀྲན་ཧའོ། (zhanhao668) དགོད་གཏམ་ཀུན་འདུས། (lengxiaohua2012) ཆུ་ཚོད་བཅུ་བའི་ཀློག་འདོན་(duhaoshu)བཅས་ཡིན།
དེའི་ཁྲོད་དུ་མི་དམངས་ཉིན་རེའི་ཚགས་པར་གྱི་སྤྱི་སྟེགས་དེ་ཨང་དང་པོ་ཡིན་པ་དང་། ཟླ་གསུམ་པའི་ནང་སྤྱིའི་ཀློག་འདོན་བྱེད་ཚད་ཁྲི6490ཡིན། སྤྱི་སྟེགས་འདི་དག་གི་ནང་དུ་གསར་འགྱུར་དང་དཔལ་འབྱོར། རིག་གནས་དང་ལོ་རྒྱུས། བདེ་ཐང་དང་པར་རིས། དགོད་གཏམ། བརྙན་འཕྲིན། བློ་འདྲི། ལྗོངས་རྒྱུ། རླངས་འཁོར། ཀློག་ཀླད། ཚགས་པར། ཞབས་བྲོ། གླུ་གཞས། ཀློག་འདོན། དཔེ་ཀློག་སོགས་ཀྱི་གནས་ཚུལ་གང་མང་འདུས་ཡོད་པས། ཀློག་པ་པོས་སྤྱི་སྟེགས་དེའི་རྒྱ་ཡིག་གི་མིང་ངམ། ཡང་ན་སྤྱི་སྟེགས་ཀྱི་དབྱིན་ཡིག་གི་མིང་སྤྱད་དེ་འཚོལ་བཤེར་བྱས་ནས་ནང་དོན་ལ་དོ་ཁུར་བྱས་ཆོག་པ་རེད།