སེམས་ཀྱི་ཉི་ཟླའི་བེ་ཤ་ལ་འཚོང་ལམ་གསར་པ་ཞིག་སྣོན།

རྩོམ་པ་པོ།   པད་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2018-07-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ7པའི་ཚེས་20ཉིན།  ཀྲུང་གོའི་ཤ་མོ་གསར་བའི་དུས་ཚིགས་ཅི་དབྱང་ཐང་སེམས་ཀྱི་ཉི་ཟླའི་བེ་ཤ་ཉོ་འཚོང་མཉམ་ལས་གྲོས་མཐུན་ཡིག་ཆ་འགོད་པའི་མཛད་སྒོ་དེ་སེམས་ཀྱི་ཉི་ཟླ་མགྲོན་ཁང་ཆེན་མོར་བསྡུས།  གཙོ་སྒྲུབ་བྱེད་མཁན་ཅི་དབྱང་ཐང་པེ་ཅིང་ཧྥེང་ཧྲེང་ཕིང་ཚོང་དོན་ཚད་ཡོད་ཀུང་སི་དང་།  རོགས་སྒྲུབ་བྱེད་མཁན་ཧྲེན་ཀྲེན་ཧྲུན་ཧྥེང་ཚོང་ལས་ཚོགས་པ་གཉིས་ཀྱིས་བདེ་ཆེན་ཁུལ་ཞིང་འབྲོག་ཅུས་དང་ཞིང་ལས་ཐོན་རྫས་མཉམ་ལས་གྲོས་མཐུན་ཡིག་ཆ་འགོད་དེ།  སེམས་ཀྱི་ཉི་ཟླའི་བེ་ཤ་ལ་ཉོ་འཚོང་ལས་སྟེགས་ཡག་པོ་ཞིག་ཤར་བཏོང་བྱས་པ་རེད།  


        ཅི་དབྱང་ཐང་པེ་ཅིང་ཧྥེང་ཧྲེང་ཕིང་ཚོང་དོན་ཚད་ཡོད་ཀུང་སིའི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན།   བདེ་ཆེན་ནི་གོ་ལ་ཧྲིལ་པོའི་སྤུས་ཚད་ལེགས་པའི་བེ་ཤའི་ཐོན་ཁུལ་གཙོ་བོ་ཡིན་ལ།   ལོ་རེའི་ཐོན་ཚད་ཏུན་8000ཡན་ཟིན་ཡོད།   ཁེ་ལས་དེས་རྒྱལ་ནང་གི་ཉོ་འཚོང་དྲ་བ་དང་ས་ཚིགས་བརྒྱ་ལྷག་གིས་ས་གནས་འདི་གའི་ཁྱད་ལྡན་གྱི་ཞིང་ལས་ཐོན་རྫས་ལ་མགྲིན་ཚབ་དང་ཇུས་འགོད།  ཉོ་འཚོང་བྱས་ནས་ས་གནས་འདི་གའི་ཞིང་འབྲོག་ལ་ཕལ་ཆེར་སྒོར་དུང་ཕྱུར་10ཡི་ཡོང་སྒོ་ཁྲིད་རྒྱུ་རེད།


        ཅི་དབྱང་ཐང་པེ་ཅིང་ཧྥེང་ཧྲེང་ཕིང་ཚོང་དོན་ཚད་ཡོད་ཀུང་སི་ནི་2012ལོ་ནས་བཟུང་རྒྱལ་ཡོངས་སུ་སེམས་ཀྱི་ཉི་ཟླའི་བེ་ཤ་དང་རི་སྐྱེས་ཤ་མོའི་ཆེད་འཚོང་ཆེད་སྒམ་བཙུགས་པ་དང་།   མིག་སྔར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་32སུ་ཆེད་སྒམ་ཕལ་ཆེར་200བཙུགས་ཡོད་པ་རེད།