རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ7པའི་ཚེས་24ཉིན། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་སྒྲུབ་བྱེད་པ་དང་། འབའ་ལུང་རྫོང་ཨུ། རྫོང་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་འཁུར་བ། ས་དམ་གྲོང་ཁྱེར་ཨུ་ལྷན་དྲིལ་བསྒྲགས་པུའུ་དང་ནུའུ་ཅང་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་མཉམ་དུ་རོགས་སྒྲུབ་བྱེད་པའི་སྐབས་བཅུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་རྒྱུད་རིམ་བྱེད་སྒོ་འབའ་ལུང་ཡན་ལག་ཚོགས་རའི་སྐབས་གཉིས་པའི་གཙང་གསུམ་གྱི་བརྩེ་སེམས་ཏེ་མི་རིགས་གླུ་ལེན་འདུ་ཚོགས་དེ་འབའ་ལུང་རྫོང་དུ་བསྡུས།
ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལིའུ་རོང་གིས་གསུང་བཤད་གནང་བ་དང་སྐབས་བཅུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་རྒྱུད་རིམ་བྱེད་སྒོའི་སྐབས་གཉིས་པའི་གཙང་གསུམ་གྱི་བརྩེ་སེམས་ཏེ་མི་རིགས་གླུ་ལེན་འདུ་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ།
ལིའུ་རོང་གིས་ས་དམ་དང་ནུའུ་ཅང་ནས་ཡོང་བའི་འགོ་ཁྲིད་དང་མགྲོན་པོ། གླུ་བ་སོགས་ལ་སེམས་ཐག་པ་ནས་དགའ་བསུ་ཞུས་པ་དང་། ཁོང་གིས་བསྟན་དོན། ས་དམ་དང་ནུའུ་ཅང་། བདེ་ཆེན་གསུམ་ནི་གཙང་གསུམ་མཉམ་རྒྱུག་གི་ལྟེ་བའི་ས་ཁུལ་དང་། ཇ་རྟ་འདྲེན་ལམ་གྱི་འགག་གནས་སུ་ཆགས་ཡོད་ལ། བོད་དང་ལི་སུའུ། འཇང་སོགས་ཀྱི་མི་རིགས་ཀྱིས་ས་གནས་འདིར་འཚོ་གནས་བྱེད་ཡོད་པ་དང་། ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཆགས་ཡོད་པ་རེད། གཙང་གསུམ་གྱི་བརྩེ་སེམས་ཏེ་མི་རིགས་གླུ་ལེན་འདུ་ཚོགས་ཀྱི་སྟེགས་བུ་འདི་བརྒྱུད་ནས། ཁུལ་དང་གྲོང་ཁྱེར་གསུམ་གྱི་མི་རིགས་རིག་གནས་ཀྱི་བརྗེ་རེས་དང་མཉམ་ལས་དེ་བས་དམ་པོར་གཏོང་བ་དང་། མཉམ་དུ་གཙང་གསུམ་གྱི་རི་ཀླུང་དང་ལོ་རྒྱུས་རིག་གནས། མི་རིགས་སོ་སོའི་མང་ཚོགས་ཀྱི་གཤིས་ཀ་ལེགས་པོ་མཚོན་པའི་བརྩམས་ཆོས་མང་པོ་སྐྲུན་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་རང་བྱུང་མཛེས་སྡུག་དང་། མི་རིགས་རིག་གནས་ཕུན་སུམ་ཚོགས་པའི་མི་ཆོས་མཛེས་སྡུག མི་རིགས་མཐུན་སྒྲིལ་ཡར་སྐྱེད་ཀྱི་འཆམ་མཐུན་མཛེས་སྡུག་སྟོན་ནས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་མིང་རྟགས་བཞེངས་སྐྲུན་བྱེད་པ་དང་ཁུལ་དང་གྲོང་ཁྱེར་གསུམ་གྱི་དཔལ་འབྱོར་སྤྱི་ཚོགས་དར་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུ་རེད།
བདེ་ཆེན་འཐུས་མི་རུ་ཁག་གིས་ཉམས་དོད་པོའི་ཁམས་པ་བ་ཞེས་པའི་བྲོ་འཁྲབ་པ།
ས་དམ་འཐུས་མི་རུ་ཁག་གིས་གཙང་གསུམ་མཉམ་རྒྱུག་ཞེས་པའི་གླུ་ལེན་བཞིན་པ།
ནུའུ་ཅང་འཐུས་མི་རུ་ཁག་གིས་འདུ་འཛོམས་ཀྱི་གླུ་ལེན་བཞིན་པ།
མཐའ་ཆུ་རས་པ་འཁྲབ་བཞིན་པ།
འགོ་ཚུགས་མཛད་སྒོའི་ཐོག བདེ་ཆེན་ཁུལ་འཐུས་མི་རུ་ཁག་དང་ས་དམ་གྲོང་ཁྱེར་འཐུས་མི་རུ་ཁག ནུའུ་ཅང་ཁུལ་འཐུས་མི་རུ་ཁག་གིས་ཉམས་དོད་པོའི་ཁམས་པའི་མི་ཞེས་པ་དང་། གཙང་གསུམ་མཉམ་རྒྱུག་ཞེས་པ། ཝ་ཆི་ཆི་ཞེས་པ་སོགས་ཀྱི་ཁྱད་ལྡན་གྱི་གླུ་གར་འཁྲབ་ཚན་སྟོན་པ་རེད།
ཡུལ་དངོས་ཀྱི་མི་རིགས་གཟབ་ཆས་སྤྲས་ཡོད་པའི་ལྟད་མོ་བ།
ཤེས་རྟོགས་བྱུང་དོན། སྐབས་བཅུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་རྒྱུད་རིམ་བྱེད་སྒོར་བྱས་པའི་གཙང་གསུམ་གྱི་བརྩེ་སེམས་ཏེ་མི་རིགས་གླུ་ལེན་འདུ་ཚོགས་དེ་ནི་བདེ་ཆེན་དང་ས་དམ། ནུའུ་ཅང་བཅས་ཁུལ་དང་གྲོང་ཁྱེར་གསུམ་གྱི་རིག་གནས་བརྗེ་རེས་མཉམ་འདྲེས་ཀྱི་འདུ་ཚོགས་ཡིན་པ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་དྲང་ནུས་ཁྱབ་སྤེལ་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་དབྱངས་རྟ་གཙོ་བོ་དར་སྤེལ་གཏོང་བ། མཉམ་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བ་ལ་རྟེན་འབྲེལ་ཞུ་པ་དང་གཙང་གསུམ་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་མངོན་པའི་འདུ་ཚོགས་ཆེན་མོ་ཞིག་ཀྱང་ཡིན།