ད་ལོའི་ལྷ་སའི་ཞོ་སྟོན་ལ་བྱེད་སྒོ་ཁག་བཅུ་ཡོད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-07-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སྤྱི་ཚེས་༢༥ཉིན་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་༢༠༡༨ལོའི་ཞོ་སྟོན་གྱི་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུ་འཚོགས་ནས་ཞོ་སྟོན་རིང་གི་བྱེད་སྒོ་ཁག་ངོ་སྤྲོད་བྱས་པ་རེད།  ཤེས་རྟོགས་བྱུང་བ་ལྟར་ན།  འདི་ལོའི་ཞོ་སྟོན་སྤྱི་ཟླ་༨ཚེས་༡༡ཉིན་ནས་ཚེས་༡༧ཉིན་བར་ལྷ་སར་འཚོགས་རྒྱུ་དང་།  གཙོ་བོ་འགོ་ཚུགས་མཛད་སྒོ་དང་།  གོས་སྐུ།  ཐང་གའི་འགྲེམ་སྟོན།  ལྷ་མོའི་འཁྲབ་སྟོན།  རྟ་རྩལ་འཁྲབ་སྟོན།  མི་རིགས་གྱོན་ཆས་འགྲེམ་སྟོན།  ཚོང་འགུགས་མ་འདྲེན་སོགས་བྱེད་སྒོ་ཆེ་གྲས་༡༠ཡོད་པ་རེད། 

01    ཞོ་སྟོན་གྱི་སྲོལ་རྒྱུན་གཞིར་བཟུང་།  ཟླ་༨ཚེས་༡༡ཉིན་གྱི་སྔ་དྲོ།  ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་གཙོ་གཉེར་འོག་འབྲས་སྤུངས་དང་།  སེ་ར་དགོན་དུ་གོས་སྐུ་བཤམས་རྒྱུ་རེད།  

02     ཟླ་༨ཚེས་༡༡ཉིན་ནས་ཚེས་༡༧ཉིན་བར་ནོར་བུ་གླིང་ག་དང་།  རྫོང་རྒྱབ་ཀླུ་ཁང་དུ་སྐབས་ལྔ་པའི་ལྗོངས་ཡོངས་ཀྱི་ལྷ་མོའི་འགྲན་བསྡུར་དང་།  སྐབས་བདུན་པའི་ལྗོངས་ཡོངས་ཀྱི་ལྷ་མོའི་འཁྲབ་སྟོན་བྱ་རྒྱུ་རེད།

 

03     ཟླ་༨ཚེས་༡༡ཉིན་གྱི་དགོང་མོ། ལྷ་སའི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་བདེ་སྐྱིད་ལྡན་པའི་ལྷ་ས།  བཀྲག་མདངས་ཆེ་བའི་ཞོ་སྟོན་ཞེས་པའི་༢༠༡༨ལོའི་ཀྲུང་གོའི་ཞོ་སྟོན་གྱི་རིག་རྩལ་འཁྲབ་སྟོན་བྱ་རྒྱུ་རེད། 

04    ཟླ་༨ཚེས་༡༣ཉིན་གྱི་སྔ་དྲོ།  ལྷ་སའི་རྟ་རྒྱུགས་ཐང་ཆེན་དུ་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་བྱས་ནས་མང་ཚོགས་དང་ཡུལ་སྐོར་བའི་དུས་ཆེན་རིང་གི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད། 

05    གྱོན་ཆས་འགྲེན་སྟོན་དེ་ལྷ་སའི་གནས་མཆོག་ལྷ་ཡུལ་གླིང་སྤྱིའི་གསོལ་མགྲོན་ཁང་དུ་ཐེངས་གཉིས་ལ་བྱ་རྒྱུ་དང་། ཐེངས་དང་པོ་དེ་ཟླ་༨ཚེས་༡༢ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤པ་ནས་༥དང་སྐར་མ་༣༠བར་དང་།  ཐེངས་གཉིས་པ་དེ་དགོང་མོའི་ཆུ་ཚོད་༨དང་སྐར་མ་༣༠ནས་༡༠བར་རེད།

06   ཟླ་༨ཚེས་༡༡ཉིན་ནས་ཚེས་༡༧ཉིན་བར་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་ཐང་གའི་འགྲེམ་སྟོན་བྱ་རྒྱུ་རེད།

07      ཟླ་༨ཚེས་༡༢ཉིན་གྱི་སྔ་དྲོ། རང་ལྗོངས་ཀྱི་གྲོང་ཁྱེར་ཁག་དང་ས་ཁུལ་ཁག་གི་ཚོང་འགུག་ཚན་པ་དང་། འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་མི་སྣ།  དེ་བཞིན་རྒྱལ་ནང་གི་མ་འཇོག་ཁེ་ལས་དང་།  རྫོང་། ཆུས།  བཟོ་ལས་གླིང་ཁུལ།  གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་སོགས་གདན་འདྲེན་ཞུས་ཏེ། ལྷ་སའི་གནས་མཆོག་ལྷ་ཡུལ་གླིང་སྤྱིའི་གསོལ་མགྲོན་ཁང་དུ་གྲོས་མོལ་ཚོགས་འདུ་འཚོག་རྒྱུ་རེད། 

08     ཟླ་༨ཚེས་༡༡ཉིན་ནས་ཚེས་༡༦ཉིན་བར།  སྐབས་བཅུ་གཉིས་པའི་གནམ་མཚོའི་ལྗོངས་རྒྱུ་མཚོ་སྐོར་གྱི་བྱེད་སྒོ་སྤེལ་རྒྱུ་རེད། 

09     ཟླ་༨ཚེས་༡༡ཉིན་ནས་ཚེས་༡༧ཉིན་བར།  ལྷ་སའི་ཞོ་སྟོན་གྱི་སྤུས་ལེགས་ཚོང་ཟོག་གི་ཉོ་ཚོང་བྱེད་སྒོ་ལྷ་སའི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་སྤེལ་རྒྱུ་རེད།