རྩོམ་པ་པོ།   གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2018-07-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ་7པའི་ཚེས་26ཉིན། སྐབས་བཅོ་བརྒྱད་པའི་རྒྱལ་ཡོངས་སྐབས་བཅོ་བརྒྱད་པའི་བོད་ཡིག་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་ལྷ་ས་གྲོང་ཁྱེར་ནས་མཇུག་སྒྲིལ།ཐེངས་འདིའི་ཚོགས་འདུ་ཡིས་པེ་ཅིང་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཀྱི་ཚགས་པར་ཁང་དང་བརྒྱངས་བསྒྲགས་བརྙན་འཕྲིན་ཁང་།དྲ་ཚིགས།དུས་དེབ་ཀྱིས་མཚམས་སྦྱོར་བྱས་པའི་བརྩམས་ཆོས་297ལ་ཞིབ་དཔྱད་བྱས་ནས་བརྩམས་ཆོས226ལ་བྱ་གཟེངས་བསྟོད་གནང་བ་རེད། དེའི་ནང་བདེ་ཆེན་ཁུལ་གྱི་བོད་ཡིག་བརྩམས་ཆོས་8ལ་བྱ་དགའ་ཐོབ་བྱུང་།
ཚོགས་འདུའི་ཐོག་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་པདྨ་ཚེ་རིང་དང་ཚེ་རིང་དོན་གྲུབ་གཉིས་ཀྱིས་བྲིས་པའི་བརྩམས་ཆོས་འཛམ་གླིང་སྐྱེ་ཁམས་ཀྱི་གྲོང་ཚོ་དང་པོ་མྱི་ཟུར་ཡུལ་གྱི་མཐོང་ཐོས་ཞེས་པར་གསར་འགྱུར་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་ཡོད།
པདྨ་ཚེ་རིང་དང་ཚེ་རིང་དོན་གྲུབ་ཀྱི་བརྩམས་ཆོས་འཛམ་གླིང་སྐྱེ་ཁམས་ཀྱི་གྲོང་ཚོ་དང་པོ་མྱི་ཟུར་ཡུལ་གྱི་མཐོང་ཐོས་ལ་སྨྱན་བྱད་གསར་འགྱུར་རྒྱས་པའི་བྱ་དགའ་ཨང་གཉིས་པ་ཐོབ་པ། པདྨ་མཚོ་དང་སྒྲོལ་མ་གཡང་མཚོའི་བརྩམས་ཆོས་པདྨ་རི་བོའི་ཕུག་ལམ་དང་རྒན་པོ་ཞིག་གི་ཕྱིར་དྲན་ལ་གསར་འགྱུར་རིགས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ།
པདྨ་ཚེ་རིང་དང་ཚེ་རིང་དོན་གྲུབ་ཀྱི་བརྩམས་ཆོས་2017ལོའི་ཟླ་7པའི་ཚེས་14ཉིན་གྱི་བདེ་ཆེན་བོད་ཡིག་ཚགས་པར་གྱི་པར་ངོས་བཞི་བ་ལ་ཚགས་པར་པར་ངོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་པ།
པདྨ་ཚེ་རིང་གི་བརྩམས་ཆོས་གསར་འགྱུར་གྱི་འཚོལ་འདྲི་རགས་ཙམ་གླེང་བ། པདྨ་ཚེ་རིང་དང་པདྨ་མཚོ་ཡི་བརྩམས་ཆོས་གསར་འགྱུར་ལོ་ཙྭ་བ་ཞིག་ལ་ལྡན་དགོས་པའི་བྱང་ཚད་འགའ་གླེང་བ་གཉིས་ལ་ཆེད་རྩོམ་རིགས་ཀྱི་ཕུལ་བྱུང་གི་བྱ་དགའ་ཐོབ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བརྙན་འཕྲིན་ཁང་གི་བློ་བཟང་དབང་འདུས་ཀྱི་བརྩམས་ཆོས་སྐད་ཚགས་ཤང་ནགས་སྐེ་རགས་གྲོང་སྡེས་མི་རིགས་དམངས་ཁྲོད་ཀྱི་སྲོལ་རྒྱུན་གླུ་གར་གྱི་སྒྱུ་རྩལ་དུས་ཆེན་བསྡུས་པ་ལ་བརྙན་འཕྲིན་གསར་འགྱུར་རིགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་པ།ཚེ་རིང་ལྷ་མོས་བརྩམས་ཆོས་ཧུའུ་ཕིའི་གྲོང་སྡེའི་སྤྱོད་བཟང་བརྙན་འཕྲིན་ལ་གསར་འགྱུར་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།