བརྩེ་དུང་ལ་འཕྲད་པའི་ཡུལ་སྐོར་ཞེས་པ་བདེ་ཆེན་ནས་བརྙན་ཕབ་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཉེ་ཆར། མའོ་ཝེ་ཉིང་གིས་འཁྲབ་འཁྲིད་པ་བྱས་ཤིང་། ཁྲེང་ཞའོ་དང་ཅིང་ཐེན་གཉིས་ཀྱིས་གཙོ་འཁྲབ་པ་བྱས་པའི་བརྙན་འཕྲིན་ཟློས་གར་《བརྩེ་དུང་ལ་འཕྲད་པའི་ཡུལ་སྐོར་ཞེས་པ་བདེ་ཆེན་ནས་བརྙན་ཕབ་བྱས།》ཞེས་པ་རང་ཁུལ་ནས་ལྗོངས་ལེན་བརྙན་ཕབ་བྱས་པ་རེད། 






        རྒྱུས་ལོན་བྱུང་བ་ལྟར་ན། བརྙན་འཕྲིན་ཟློས་གར་འདིར་《གཅེས་ཕྲུག་》ཅེས་པའི་རི་མོ་གྲགས་ཅན་ཞིག་རྒྱལ་ཁོངས་ལས་བརྒལ་བའི་ནག་ཚོང་དང་དུག་ཚོང་རྒྱག་པའི་ཚོགས་པ་ཞིག་དང་འབྲེལ་བའི་གྱོད་གཞི་ཞིག་བྱུང་ཤིང་།  ལི་ཞིན་ཞེས་པའི་བུ་མོ་ཆུང་ཆུང་ཞིག་སྟབས་མ་ལེགས་པར་གྱོད་གཞི་འདིའི་ནང་ཚུད་པས་ཉེན་ཁ་ཆེ་བའི་ཡུལ་སྐོར་ཞིག་ལ་སོང་བ་རེད། ཡུལ་སྐོར་གྱི་ལམ་བར་ནས་དུག་འགོག་ཉེན་རྟོག་པ་ཅིན་ཞའོ་ཐེན་གྱིས་ཐེངས་མང་བོ་ལི་ཞིན་ཉེན་ཁ་ལས་སྐྱོབ་ཅིང་། ཕན་ཚུན་བར་བརྩེ་དུང་ཆགས་པའི་གཏམ་རྒྱུད་ཅིག་བརྗོད་ཡོད།  བརྙན་འཕྲིན་ཟློས་གར་འདིའི་གཏམ་རྒྱུད་མང་བོ་ཞིག་ཡུལ་སྐོར་གྱི་ལམ་བར་ནས་བྱུང་བས་རང་རྒྱལ་གྱི་གཞུང་ལམ་བརྙན་འཕྲིན་ཟློས་གར་གྱི་སྟོང་ཆ་དེ་བསྐང་བ་རེད། 


        ཨ་རོགས་ཁམས་པ་མགྲོན་ཁང་གི་སྦྱིན་བདག་ཆེན་མོ་གྲགས་པ་སྐལ་ལྡན་གྱིས་བརྙན་ཕབ་ཚན་ཆུང་གིས་རང་ཁུལ་ནས་ལྗོངས་ལེན་བརྙན་ཕབ་བྱེད་པའི་ཉིན་འདི་དག་གི་རིང་ལ་ངེད་ཚང་གི་མགྲོན་ཁང་ནས་བསྡད་པ་ཡིན་ལ། མགྲོན་ཁང་ཡང་ལྗོངས་ལེན་གྱི་ས་གནས་གཙོ་བོ་ཞིག་ཏུ་གྱུར། ཁོ་ཚོ་ངེད་མགྲོན་ཁང་དུ་ཡོང་ནས་ལྗོངས་ལེན་བྱས་པར་ང་དགའ་བ་ཆེན་པོ་སྐྱེས་ཡོད། ང་དང་མའོ་ཝེ་ཉིང་ཁ་བརྡ་བྱས་ནས་ཤེས་གསལ་ལྟར་ན་ཁོ་ཚོ་རང་ཁུལ་དུ་ཡོང་ནས་ས་ཁུལ་མང་བོར་ལྗོངས་རྣམ་ལ་ལྟ་རུ་སོང་བ་རེད། འོན་ཀྱང་ཁོས་སེམས་ཀྱི་ཉི་ཟླའི་མཛེས་ལྗོངས་ནི་མི་ཡུལ་གྱི་དག་ཞིང་ལྟ་བུར་འདོད་ཡོད། དེ་ན་བརྙན་ལམ་བརྒྱུད་ནས་རང་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་དང་རང་ཁུལ་གྱི་མི་རིགས་རིག་གནས་དྲིལ་བསྒྲགས་ལ་ནུས་ཤུགས་ཅུང་ཙམ་འདོན་ཐུབ་རྒྱུ་དེ་ངའི་རེ་བ་ཡིན་ཞེས་བཤད། 



        བརྙན་འཕྲིན་ཟློས་གར་འདི་ཉིན་200ལྷག་ལ་བརྙན་ཕབ་བྱས་པ་ཡིན་ལ། བརྙན་ཕབ་ཚན་ཆུང་ཧྲང་ཧེ་ནས་ཝུའུ་ཞི་བརྒྱུད་ནས་མཐར་ཡུན་ནན་ལ་ཐོན་ཞིང་རང་ཁུལ་ནས་བདེ་ལེགས་ངང་བརྙན་ཕབ་མཇུག་རྫོགས་པ་རེད། གཏོང་བའི་དུས་ཚོད་གསལ་བོ་མི་ཤེས་ལ། ཕལ་ཆེར་ད་ལོའི་ལོ་མཇུག་གམ་ལོ་རྗེས་མའི་ལོ་མགོར་གཏོང་ཐུབ་ངེས་རེད།