བདེ་ཆེན་གྱི་སྡོད་ཁུལ་ཞིག་ལ་་“རྒྱལ་ཡོངས་དམངས་གཙོའི་ཁྲིམས་སྐྱོང་དཔེ་སྟོན་སྡེ་བའི་”གཟེངས་བསྟོད་ཐོབ་འདུག

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        


        ཉེ་ཆར། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲིམས་འཛིན་པུའུ་ཡིས་《ཁྲིམས་འཛིན་པུའུ་དང་དམངས་སྲིད་པུའུ་ཡི་སྐབས་བདུན་པའི་“རྒྱལ་ཡོངས་དམངས་གཙོའི་ཁྲིམས་སྐྱོང་དཔེ་སྟོན་སྡེ་བའི་”》གཟེངས་བསྟོད་ཐོབ་པའི་མིང་ཐོ་803སྤྱི་བསྒྲགས་བྱས་ཤིང་།སེམས་ཀྱི་ཉི་ཟླ་རྒྱལ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཅིན་ལུང་སྡོད་ཁུལ་མིང་ཐོའི་ནང་ཚུད་པ་རེད།

        རྒྱལ་ཡོངས་དམངས་གཙོའི་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ་ནི་ཁྲིམས་འཛིན་པུའུ་དང་དམངས་སྲིད་པུའུ་ཡིས་སྡེ་བ་རིམ་པར་རྩ་འཛུགས་བྱས་ནས་ཁྲིམས་སྐྱོང་སློབ་གསོ་བཏང་བ་དང་སྡེ་དོན་དོ་དམ་ཚད་ལྡན་ཡིན་མིན།དུས་ཐོན་དུ་འགལ་བ་ཐག་གཅོད་བྱས་ཡོད་མེད་སོགས་ལ་ཕྱོགས་བསྡུས་རང་བཞིན་གྱི་དཔྱད་ཞིབ་བྱས་ནས་ཐོན་པ་ཞིག་ཡིན་ལ།གཟེངས་བསྟོད་མིང་ཐོའི་ནང་ཚུད་པའི་ས་ཆ་འདི་དག་ནི་རིམ་པ་སོ་སོས་རྟག་ཞིབ་ནན་མོ་བྱས་པ་དང་གདམ་ཐོ་མང་བོའི་ནང་ནས་དམིགས་སུ་ཐོན་པ་དག་ཡིན།

        རྒྱལ་ཡོངས་དམངས་གཙོའི་ཁྲིམས་སྐྱོང་དཔེ་སྟོན་སྡེ་བའི་གཟེངས་བསྟོད་མིང་ཐོའི་ནང་ཚུད་པ་འདིས་སྡེ་བ་དེའི་ཁྲིམས་ལུགས་འཛུགས་སྐྲུན་དང་དཔལ་ཡོན་ཚད་གོང་འཕེལ་དུ་སོང་ཡོད་པ་མཚོན་ལ།མི་མང་བོས་ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་བཀོལ་སྤྱོད་བྱེད་པ། ཁྲིམས་ལུགས་ཡོངས་ཁྱབ་ཐུབ་པའི་འདུ་ཤེས་ལ་ཤུགས་རྐྱེན་ཐེབས་སྲིད།མི་སྒེར་ལ་ཁྲིམས་ལུགས་ཀྱི་འདུ་ཤེས་ཡོད་པ་ན་གཟོད་སྤྱི་ཚོགས་ཀྱི་མི་སོ་སོ་ཁྲིམས་ལ་དད་ལ།འགལ་བ་ཐག་གཅོད་བྱེད་པར་ཁྲིམས་ལུགས་ལ་བརྟེན་པའི་རྣམ་པ་མངོན་ཐུབ་པ་རེད།