རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བའི་བོད་ཡིག་དྲ་བ།
སྐལ་བཟང་ཟླ་བ་ནི་1980ལོར་མཚོ་སྔོན་རེབ་གོང་ནས་སྐྱེས་ལ། ལོ་བདུན་ནས་བཟུང་ཨ་ཕའི་འགྲམ་ནས་ཐང་ག་འབྲི་སྦྱངས་བྱས་པ་དང་། ལོ་11ལ་སླེབས་དུས་དགོན་པར་སོང་སྟེ་དགེ་རྒན་བསྟེན་ནས་ཐང་ག་འབྲི་སྦྱངས་བྱས་པ་རེད། ལོ་20རུ་དགེ་ཕྲུག་ཐོན་པ་དང་དེའི་རྗེས་སུ་དགོན་པར་མང་པོའི་ཐང་ག་ཆེ་གྲས་འབྲི་པའི་ལས་གཞིར་ཞུགས་པ་དང་། ཁོང་གི་སྲོལ་རྒྱུན་གྱི་ཐང་ག་འབྲི་སྲོལ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དུས་མཚུངས་སུ་ལུགས་སོ་སོའི་ཐང་ག་འབྲི་སྲོལ་གྱི་སྙིང་བཅུད་ལེན་ནས་རང་རང་གི་ཐུན་མོང་མ་ཡིན་པའི་བྲིས་སྲོལ་ཞིག་ཆགས་ཡོད་པ་རེད། ཁོང་གི་བརྩམས་ཆོས་འཇམ་པའི་དབྱངས་ཞེས་པ་ལ་ཀྲུང་གོའི་ཐང་ག་མཁན་ཆེན་དཔྱད་བསྡུར་འདེམས་བསྐོའི་བྱེད་སྒོ་སྐབས་དང་པོར་འགྲེམ་སྟོན་བྱས་པ་དང་ཁོང་ལ་སྐབས་དང་པོའི་ཀྲུང་གོའི་ཐང་ག་མཁན་ཆེན་ཞེས་པའི་མཚན་སྙན་ཐོབ་པ་རེད།
2007ལོར། ཁོ་རང་སེམས་ཀྱི་ཉི་ཟླར་སླེབས་པ་དང་ས་གནས་འདིར་བསྡད་ནས་མུ་མཐུད་དུ་ཐང་ག་འབྲི་པ་རེད། སྐབས་དེར་སེམས་ཀྱི་ཉི་ཟླར་ཐང་ག་འབྲི་མཁན་མང་པོ་མི་འདུག་པ་དང་ཁོང་གིས་སེམས་ཀྱི་ཉི་ཟླའི་ཐང་ག་སྒྱུ་རྩལ་གླིང་བཙུགས་ཏེ། རང་རང་གིས་ཐང་ག་འབྲི་པ་མ་ཟད་ད་དུང་ཐང་ག་འབྲི་བ་ལ་དགའ་ཞེན་ཡོད་པའི་སློབ་མ་མང་པོ་བསྡུས་ནས་ཐང་ག་འབྲི་མཁན་གསོ་སྐྱོང་བྱེད་དེ་རྫོང་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གསུམ་ཐོན་པ་རེད།
སྐལ་བཟང་ཟླ་བས་ངོ་སྤྲོད་བྱས་པ་ལྟར་ན། ཐང་ག་ནི་ཤེས་བྱ་ཀུན་བཏུས་ཡོད་པའི་རི་མོའི་རིགས་ཤིག་ཡིན་ལ། དེའི་ནང་དོན་དུ་ལོ་རྒྱུས་དང་གསོ་རིག་སོགས་མང་པོ་ཡོད་པ་དང་། ཐང་ག་ཐོག་གི་ཚོན་ནི་གཏེར་རྡོ་ཡིན་ཏེ་གཏེར་རྡོ་རྡར་བ་དང་ཆུ་ཉུང་ཉུང་བསྲེས་ནས་ཚོན་གཏོང་བ་རེད། དེའི་འབྲི་བཟོའི་ལས་རིམ་རྙོག་འཛིང་ཡིན་པའི་རྐྱེན་གྱིས་ཐང་ག་ཆེན་མོ་ཡིན་ན་དུས་ཡུན་ལོ་གཅིག་ལྷག་འབྲི་དགོས་པ་རེད།
སྐལ་བཟང་ཟླ་བས་ང་གའི་འབྲི་བཞིན་པ།
ཐང་ག་འབྲི་སའི་ཚོན།
ཐང་གའི་སྒྱུ་རྩལ་གླིང་བཙུགས་པའི་དཀའ་སྡུག་བཤད་དུས། སྐལ་བཟང་ཟླ་བས་འགོ་བརྩམས་པའི་དུས་སྐབས་སུ་མ་དངུལ་དཀོན་པ་དང་། དུས་རྒྱུན་དུ་ད་དུང་ཐང་ག་ལ་ཤེས་རྟོགས་མེད་པའི་ཡུལ་སྐོར་བ་འགའ་ཡིས་ཁྱེད་ཀྱིས་འདིར་དཔྱངས་པའི་རི་མོ་འདི་ཅི་རེད།གོང་འདི་འདྲ་ཆེན་མོ་ཞེས་འདྲི་མྱོང་ཟེར། 2014ལོར་རྡོ་མཁར་རྫོང་དུ་མེ་སྐྱོན་བྱུང་དུས་ཐང་གའི་སྒྱུ་རྩལ་གླིང་ནང་གི་ཐང་ག་500ལྷག་མེད་པར་གྱུར་བ་རེད། རྗེས་མར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་དང་ལས་རིགས་ཁག་གི་གྲོགས་པོ་དག་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ཐང་གའི་སྒྱུ་རྩལ་གླིང་ཡང་བསྐྱར་དུ་སྒོ་འབྱེད་དེ་ཐང་ག་འབྲི་པ་དང་འཚོང་པ་མ་ཟད། ད་དུང་ཐང་ག་རྙིང་པ་ལ་ཉམས་གསོ་བྱས་ནས་རྡོ་མཁར་རྫོང་ནང་གི་ཐང་ག་སྒྱུ་རྩལ་དར་སྤེལ་དང་རིག་གནས་ཁྱབ་སྤེལ་བྱེད་པའི་ལྟེ་གནས་ཞིག་ཏུ་གྱུར་ཡོད་པ་རེད།
ཁང་གི་བརྩམས་ཆོས།
ལོ་400ལྷག་གི་ལོ་རྒྱུས་ལྡན་པའི་ཐང་ག
སྐལ་བཟང་ཟླ་བས་ད་ལྟ་ངའི་རེ་འདུན་ནི་མི་མང་པོས་ཐང་ག་འབྲི་བ་སློབ་སྦྱོང་བྱེད་དེ་བོད་ཀྱི་རིག་གནས་སློབ་སྦྱོང་བྱེད་པ་དང་། ཀུན་གྱིས་ཐང་ག་རྒྱུས་ལོན་བྱེད་པ་དང་བོད་རིག་གནས་ལ་རྒྱུས་ལོན་བྱེད་དེ། མི་རིགས་ཀྱི་རིན་བྲལ་ནོར་བུ་འདི་དར་སྤེལ་དང་རྒྱུན་འཛིན་བྱེད་པ་དེ་ཡིན་ཞེས་ཟེར་བ་རེད།