རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-13   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།
གནས་སྐོར་བས་ཚྭ་ཁ་ཚྭ་མཚོ་རུ་ལྟ་སྐོར་བྱེད་བཞིན་པ།
ཟླ8པའི་ཚེས11ཉིན། མཚོ་སྔོན་གྱི་ཚྭ་ཁ་ཚྭ་མཚོ་རུ2018ལོའི་གནས་སྐོར་བ་ཁྲི200བ་དེ་བསུས་ཤིང་། ན་ནིང་གི་དུས་མཉམ་དང་བསྡུར་ན་ཉིན12ཀྱི་སྔོན་དུ་གནས་སྐོར་བ་སྣེ་ལེན་བྱེད་ཚད་མི་ཁྲི200ལས་བརྒལ་བ་རེད།
ཉེ་བའི་ལོ་འགའི་རིང་ལ། “ནམ་མཁའི་མེ་ལོང”ཞེས་པའི་མཚན་སྙན་ཡོད་པའི་ཚྭ་ཁ་ཚྭ་མཚོས་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་ཕུལ་དུ་བྱུང་བའི་གནས་ཡུལ་ལ་བརྟེན་ནས། རྒྱ་ཆེའི་གནས་སྐོར་བ་རྣམས་མཚོ་སྔོན་དུ་གནས་སྐོར་རུ་ཕེབས་པར་ཐོག་མར་བདམས་པའི་གནས་སྐོར་བྱེད་ཡུལ་དུ་གྱུར་འདུག རྒྱུས་ལོན་ལྟར་ན། ད་ལོའི་ཟླ4བའི་བར་དུ། ཚྭ་ཁ་ཚྭ་མཚོས་དུས་རིམ་གསུམ་པའི་དངུལ་གཏོང་སྒོར་དུང་ཕྱུར6བཏང་བའི་རིམ་སྤར་བསྒྱུར་བཀོད་ལས་གཞི་ལེགས་འགྲུབ་བྱུང་སྟེ། མཛེས་ལྗོངས་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་བཏང་བ་དང་། ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་སྟེ་གནས་སྐོར་བ་རྣམས་ལ་སྟབས་བདེ་ཆེན་པོ་སྐྲུན་ཡོད་པ་རེད།