རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤམ་བྷ་ལ་སྤྱི་གླིང་ལོ་གཅིག་ལྷག་གི་རིང་ལ་འཛུགས་སྐྲུན་བྱས་པ་བརྒྱུད་ནས་ད་སྔ་སྤྱི་གླིང་ནང་གི་ཡུལ་ལྗོངས་འཛུགས་བསྐྲུན་ལ་ཐོག་མའི་ཕན་འབྲས་མངོན་ཡོད་པ་རེད། ཤམ་བྷ་ལ་སྤྱི་གླིང་ནི་གྲོང་ཁུལ་རྙིང་བའི་བྱང་ཕྱོགས་ཏེ། ནགས་ཆུ་དང་སྲམ་ཆུའི་འབྲེལ་མཚམས་ན་ཡོད་ལ། སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་ལ་མུའུ་449.25ཡོད་པ་རེད། དེ་སྤྱོད་སྒོའི་ཐད་ནས་ས་ཁུལ་བཞི་རུ་བགར་ཡོད་དེ། ལྷོ་ཡི་འགྲེམ་སྟོན་ཁུལ་དང་ཤར་གྱི་སྦྱོང་བརྡར་འགུལ་སྐྱོད་ཁུལ། ནུབ་ཀྱི་སྐྱེ་ཁམས་སྤྲོ་གསེང་ཁུལ། དཀྱིལ་གྱི་རིག་གནས་གཙོ་བོ་བྱས་པའི་ཁུལ་བཅས་ཡིན་པ་རེད།
སྤྱི་གླིང་འདི་ནི་སྐྱེ་ཁམས་དང་རིག་གནས། གསོན་ཤུགས་ལྡན་པ་བཅས་ལ་དམིགས་ནས་བཟོ་སྐྲུན་བྱས་པ་ཡིན་ལ། གཞི་རྒྱ་ཆེ་བའི་ཆུ་ངོས་བེད་སྤྱད་ནས་གངས་རི་དང་། ནམ་མཁའ། ནགས་ཚལ། མཚོའུ་སོགས་གཅིག་བསྡུས་རང་བཞིན་གྱིས་འཇིག་རྟེན་གྱི་སྐྱེ་དངོས་ཡོད་ཚད་འཆམ་མཐུན་གྱིས་འཚོ་བའི་ཤམ་བྷ་ལའི་ཞིང་ཁམས་ཀྱི་རིག་གནས་སྙིང་བོ་འབུར་དུ་ཐོན་པར་བྱས་ཡོད། ཤམ་བྷ་ལ་སྤྱི་གླིང་དེས་སྐྱེ་ཁམས་དང་རིག་གནས། བཞུར་ཆུ་བཅས་ནི་དམིགས་ས་གཙོ་བོ་བྱས་ཤིང་། སྤྱི་གླིང་ནང་དུ་ཟླ་འོད་ཐང་ཆེན་དང་ཇ་རྟའི་གནའ་ལམ་གྱི་ཐང་ཆེན། བྱང་ཆུབ་ཐང་ཆེན། ཆུ་བཞུར་སྟེགས་བུ། བོད་ཀྱི་ཁྱད་ཆོས་ལྡན་པའི་མི་སྣའི་འཇིམ་རྐོས། རོལ་རྩེད་ར་བ། ལག་རྩེད་སྤོ་ལོའི་ར་བ། གཞི་རྒྱ་ཆུང་བའི་རྐང་རྩེད་སྤོ་ལོའི་ར་བ་སོགས་ལས་ངེས་རེད། ཡུལ་ལྗོངས་ཀྱི་འཛུགས་སྐྲུན་བརྒྱུད་ནས་རོལ་རྩེད་དང་སྤྲོ་གསེང་། ལུས་རྩལ་སྦྱོང་བརྡར་བཅས་གཅིག་བསྡུས་ཡིན་པའི་སྣ་འཛོམས་ཀྱི་སྤྱི་གླིང་ཞིག་གྲུབ་པ་བྱ་ངེས་རེད།
རྒྱུས་ལོན་བྱུང་ལྟར་ན། ད་སྔ་ལས་གཞིའི་འཛུགས་སྐྲུན་བརྟན་འཇགས་ཀྱིས་སྐུལ་འདེད་བྱེད་བཞིན་ཡོད་ལ། དེའི་ཁྲོད་བྱང་ཆུབ་ཐང་ཆེན་དང་ཟླ་གཟུགས་ཟམ་པ། ཇ་རྟའི་གནའ་ལམ་ཐང་ཆེན། ཡུལ་ལྗོངས་བཅས་ལ་ཐོག་མའི་ཕན་འབྲས་མངོན་པ་རེད། ལྗང་མདོག་ཅན་གྱི་འཛུགས་སྐྲུན་དང་སོ་ཕག་བཏིང་བའི་འཛུགས་སྐྲུན། ཡུལ་ལྗོངས་འཛུགས་སྐྲུན་གྱི་ཆ་ཤས་བཅས་ཀྱི་བརྒྱ་ཆའི་70འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད་ལ། ལྗང་འགྱུར་ལམ་ཐིག་དང་ལྕགས་རྟའི་ལམ། རོལ་རྩེད་ར་བ་བཅས་ཀྱི་ལས་གཞི་སྔ་གཞུག་ཏུ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན།
སྤྱི་གླིང་གིས་མི་འགྱང་བར་ཕྱོགས་ཡོང་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་གླིང་གི་རོལ་རྩེད་དང་ལུས་རྩལ་སྦྱོང་བརྡར་གྱི་ནུས་པར་ཤུགས་སྣོན་བྱེད་ནས། གྲོང་ཁྱེར་ཡོངས་ཀྱི་རོལ་རྩེད་སྤྲོ་གསེང་གི་དགོས་མཁོ་སྐོང་ངེས་ཡིན་ལ། གྲོང་ཁྱེར་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་ངེས་རེད།