རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་8པའི་ཚེས་9ཉིན་ནས་ཚེས་13ཉིན་གྱི་བར། ཡུན་ནན་2018ལོའི་རིག་གནས་ཐོན་ལས་ཀྱི་དངོས་མང་སྟོན་ཚོགས་ཁུན་མིང་དུ་བསྡུས་ཏེ། སྐབས་འདིའི་དངོས་མང་སྟོན་ཚོགས་དུས་ཡུན་ཉིན་5བསྡུས་པ་དང་། བདེ་ཆེན་ཁུལ་ཨུ་དྲིལ་བསྒྲགས་པུའུ་ལ་ཕུལ་བྱུང་གི་རྩ་འཛུགས་བྱ་དགའ་ཐོབ་པ་རེད།
སྟོན་ཚོགས་ཐོག བདེ་ཆེན་གྱི་གོས་རྒྱན་དང་། ཤིང་ཕོར། ཉི་ཤར་རྫ་མ། སྤོས། ས་གདན་སོགས་ཀྱི་ཐོན་རྫས་ལ་རྒྱལ་ནང་ས་ཆ་སོ་སོ་ནས་ཡོང་བའི་མགྲོན་པོ་དང་ཚོང་པ་དག་གི་དགའ་བསུ་ཆེན་པོ་ཐོབ་པ་དང་། སྐབས་འདིའི་སྟོན་ཚོགས་ཐོག་ཆེས་དགའ་བསུ་ཐོབ་པ་ནི་ཁ་ས་གྲི་ཡིན་ཏེ། ཁ་ས་གྲིའི་འགན་འཁུར་མི་སྣས་ངོ་སྤྲོད་བྱེད་པ་ལྟར་ན། ཐེངས་འདིར་ཁོས་བོད་གྲི་ཆེ་ཆུང་མི་འདྲ་བ་30དང་ཚལ་གྲི་40ཁྱེར་ནས་སྟོན་ཚོགས་སུ་ཞུགས་པ་ཡིན་ལ། སྟོན་ཚོགས་མཇུག་རྫོགས་པའི་བར་དུ་ཧ་ལམ་ཡོད་ཚད་བཙོང་ཚར་བ་རེད། དེ་མིན་སྟོན་པའི་ཡིག་རིས་ཡང་བཙོང་ཁ་མཚར་རྒྱས་པ་དང་སྟོན་པའི་ནོར་བརྒྱད་རི་མོ་ཞིག་ཡུན་ནན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དུ་སྡུད་ཉར་བྱས་པ་རེད།
སྟོན་ཚོགས་ཀྱི་སྐབས་སུ། བདེ་ཆེན་བཤམས་སྟོན་ཁུལ་གྱི་མཛེས་སྡུག་ལྡན་པའི་འགྲེམ་སྟེགས་དང་ཕུན་སུམ་ཚོགས་པའི་རིག་གནས་ནང་དོན་ལ་ལྟད་མོ་བ་རྣམས་ཀྱིས་གདེང་འཇོག་ཡག་པོ་ཐོབ་པ་དང་རྒྱུས་ལོན་དང་ཉོ་སྒྲུབ་དུ་ཡོང་བའི་མི་རྒྱུན་མི་ཆད་པ་རེད།