ང་ཚོས་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མགྲོན་བདག་ཡག་པོ་བྱེད་དགོས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་ནི་ཟླ9པའི་ཚེས་12ཉིན་ནས་ཚེས་15ཉིན་གྱི་བར་དུ་བདེ་ཆེན་སེམས་ཀྱི་ཉི་ཟླར་སྤེལ་རྒྱུ་ཡིན་ལ།  བྱེད་སྒོའི་མགྲོན་བདག་ཏུ་བྱས་ནས་ཚང་མས་གཤམ་གསལ་ལྟར་བྱེད་རོགས།

        གཅིག   སྤྱི་དངོས་སྲུང་སྐྱོང་བྱེད་པ་དང་ཚད་གཞི་ལྟར་བེད་སྤྱོད་བྱེད་པ།   སྤྱི་པའི་བཀོད་སྒྲིག་ལ་སྲུང་སྐྱོང་བྱེད་དེ་དྲིལ་བསྒྲགས་བྱང་བུ་སོགས་ཀྱི་སྤྱི་པའི་འཛུགས་སྐྲུན་ཐོག་གང་འདོད་ལྟར་རི་མོ་སྣ་ཚོགས་མ་འབྲི་པ།  ཁྲིམས་ལ་འགལ་ནས་བརྡ་ཁྱབ་ཆུང་ཆུང་གང་སར་མ་སྦྱར་པ།  རྐོ་བཟོ་དག་ལ་མི་འཛེག་པ།  ལམ་འགྲམ་གྱི་གློག་སྒྲོན་དང་གད་སྙིགས་སྒམ།  ལུས་སྦྱོང་སྒྲིག་ཆས་སོགས་ལ་གཏོར་བཤིག་མ་གཏོང་བ།     

        གཉིས།  ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་གཙང་སྦྲར་དང་དོད་བྱེད་པ།  གྲོང་ཁྱེར་ནང་གི་རྩི་ཤིང་དང་མེ་ཏོག་ལ་སྲུང་སྐྱོང་བྱེད་པ་དང་རྩ་ཐང་དུ་རྡོག་རྫིས་མ་བྱེད་པ།   ཤིང་ལག་མ་གཅོད་པ།  མེ་ཏོག་དང་རྩི་ཤིང་ལ་གཏོར་བཤིག་མ་བྱེད་པ།  ཧུར་ཐག་གིས་རྒྱལ་གཅེས་ཀྱི་གཙང་སྦྲ་བྱེད་སྒོར་ཞུགས་པ་དང་སྤྱི་པའི་ས་ཁོངས་སུ་གཙང་འགྲིག་རྒྱུན་འཁྱོངས་བྱེད་པ།   ལྗོངས་ཁུལ་དང་ཆུ་རྐ   རྩྭ་ཐང་།  མེ་ཏོག་ར་བ་སོགས་སུ་གད་སྙིགས་མ་གཡུག་པ།  གང་བྱུང་དུ་ཁ་ལུད་མ་དབྱུག་པ།   ཤིང་ཏོག་གི་སྤགས་པ་དང་ཤོག་སྙིགས་གང་བྱུང་དུ་མ་གཡུག་པ།   གང་བྱུང་དུ་གཅིན་སྐྱག་མ་གཏོང་བ།

        གསུམ།  འགྲིམ་འགྲུལ་སྒྲིག་སྲོལ་བརྩི་སྲུང་བྱེད་པ།  རང་རྟོགས་ཀྱིས་འགྲིམ་འགྲུལ་སྒྲིག་སྲོལ་བརྩི་སྲུང་བྱེད་དེ་ལག་ཁྱེར་མེད་པེ་རླངས་འཁོར་གཏོང་བ་དང་ཆང་འཐུང་རྗེས་རླངས་འཁོར་གཏོང་བ།  ངལ་དུབ་ཀྱིས་རླངས་འཁོར་གཏོང་བ།  ལྗིད་ཚད་ལས་བརྒལ་བས་རླངས་འཁོར་གཏོང་བ།   མགྱོགས་ཚད་ལས་བརྒལ་ནས་རླངས་འཁོར་གཏོང་བ།  ཁྲིམས་དང་འགལ་ནས་རླངས་འཁོར་བཞག་བ་སོགས་ཀྱི་བྱ་སྤྱོད་གཏན་ནས་འགོག་པ། རླངས་འཁོར་གྱིས་མི་ལ་ལམ་གཟུར་བ་དང་གློག་དམར་ལ་དོ་སྣང་བྱེད་པ།  དྲིལ་སྒྲ་གང་བྱུང་དུ་མི་འཁྲུག་པ།   རླངས་འཁོར་གཏོང་དུས་ཉེན་ཟློག་སྐེད་རགས་ཡག་པོ་སྡོམ་པ་དང་ལག་ཁྱེད་ཁ་པར་མི་སྤྱོད་པ།  གཏན་འབེབས་ལྟར་གློག་འོད་སྤྱོད་པ།  རླངས་འཁོར་ཕྱིར་དངོས་ཟོག་གང་བྱུང་མི་གཡུག་པ།     རྐང་ཐང་བས་གཞུང་ལམ་བརྒལ་དུས་ལམ་ཐིག་ཁྲ་རིས་ཅན་ཐོག་འགྲོ་བ་དང་གློག་དམར་ལ་དོ་སྣང་བྱེད་པ།  ལན་ཀན་མི་བརྒལ་བ།  གང་ཐུབ་ཅི་ཐུབ་ཀྱིས་སྤྱི་སྤྱོད་རླངས་འཁོར་དང་ལྕགས་རྟ།  རྐང་ཐང་སོགས་ཀྱི་འགྲོ་འོང་བྱེད་ཐབས་སྤྱོད་པ།

        བཞི   སྒྲིག་ལམ་སྲུང་བ་དང་ཁ་བཤད་དོན་གནས་ཀྱིས་ཚོང་གཉེར་བྱེད་པ།  ལས་ཀ་བྱེད་དུས་རང་རྟོགས་ཀྱིས་བང་སྒྲིག་པ་དང་སྐད་ཅོར་མི་རྒྱག་པ།    ཆང་བཟི་ནས་རྙོག་དྲ་མ་སློང་བ་དང་འཛེར་སྒྲ་ཡིས་སྡོད་མི་ལ་ཟིང་ཆ་མི་སློང་བ།   སྤྱི་པའི་ས་ཁོངས་སུ་ཐ་མག་མི་འཐེན་པ་དང་གཅེས་ཉར་སྲོག་ཆགས་ཁྱེར་ནས་སྤྱི་པའི་ས་ཁོངས་སུ་མི་བསྐྱོད་པ།   ལག་ཁྱེར་མེད་པ་དང་ཚོང་ཁང་ཕྱིར། ལམ་བཟུང་བ་སོགས་བྱས་ནས་ཚོང་གཉེར་མི་བྱེད་པ།    ཚོང་ཟོག་རིམ་པ་ལྟར་སྒྲིག་པ་དང་གཙང་འགྲིག་ཡིན་དགོས་པ།  ཚོང་གཉེར་བྱེད་སའི་གད་སྙིགས་གང་བྱུང་དུ་མི་གཡུག་པ།  རྫུན་རྫུས་ཞན་གསུམ་དང་སྤུས་ཞན་བཟང་བརྫུས།  རྒྱ་ཁ་མ་འདང་བ་སོགས་ཀྱི་བྱ་སྤྱོད་གཏན་ནས་འགོག་པ།

        ལྔ།  གཏམ་སྤྱོད་ཚུལ་ལྡན་དང་གུས་ཞབས་ཀྱི་སྒོ་ནས་གཞན་ལ་འབྲེལ་གཏུག་བྱེད་པ།  རང་རྟོགས་ཀྱིས་ཡ་རབས་གུས་ལུགས་བརྩི་སྲུང་བྱེད་པ་དང་གོས་ལྭ་གཙང་ཞིང་འགྲིག་པ།  གཞན་ལ་གུས་ཞབས་བྱེད་པ་དང་གུས་སྲོལ་ལ་དང་དོད་བྱེད་པ།  འཛུམ་མདངས་ཀྱིས་ཤེས་དཔལ་བརྒྱུད་སྤྲོད་བྱེད་པ།

        དེའི་ཕྱིར།  ད་ནས་བཟུང་ང་ཚོས་ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པའི་མགྲོན་བདག་ཡག་པོ་བྱེད་པ་འབད་དགོས་པ་དང་།  རང་ངོས་ནས་སྒྱུ་རྩལ་དུས་ཆེན་བདེ་བླག་ངང་གྲུབ་པ་ལ་སྟོབས་ཤུགས་འབུལ་དགོས།