བདེ་ཆེན་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེ་ཞེས་པའི་དེབ་པར་དུ་སྐྲུན།

རྩོམ་པ་པོ།   པད་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2018-08-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

  

             ཉེ་སྔོན།ལུའུ་ཡུང་མིང་གིས་རྩོམ་སྒྲིག་གནང་བའི་བདེ་ཆེན་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེ་ཞེས་པའི་དེབ་གསར་དེ་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་།དཔེ་དེབ་འདི་ལ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས།རྒྱལ་ཁབ་ཆོས་ལུགས་ཅུས་དང་ཡུན་ནན་ཞིང་ཨུའི་འགོ་ཁྲིད་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་པ་རེད།བདེ་ཆེན་གྱི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་སྒྲུབ་མཁན་ལ་མཁོ་བའི་དཔེ་དེབ་ཅིག་ཡིན་པ་རེད།   དེབ་འདི་ལ་ཡིག་འབྲུ་ཁྲི20ཡོད་པ་དང་།པར་རིས་དང་ཡི་གེ་ཟུང་འབྲེལ་བྱས་ནས་འཐུས་སྒོ་ཚང་བའི་སྒོ་ནས་བདེ་ཆེན་ཁུལ་ཁོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོའི་དགོན་སྡེའི་ད་ཡོད་ཀྱི་གནས་ཚུལ་དང་།འཕེལ་རྒྱས་ཀྱི་ལོ་རྒྱུས།ཆོས་ལུགས་དུས་ཆེན།སྤྲུལ་སྐུའི་སྐུ་ཕྲེང་གཙོ་བོ་སོགས་ཀྱི་ཐད་ནས་ངོ་སྤྲོད་ལེགས་པོ་བྱས་ཡོད་པ་རེད།   རྩོམ་པ་པོས་བདེ་ཆེན་དུ་ལོ་ངོ་བཅུ་ཕྲག་རིང་ཕྱག་ལས་གནང་སྐབས།ཁུལ་ཁོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་རུ་བརྟག་དཔྱད་དུ་སོང་ནས་རྒྱུ་ཆ་འཚོལ་བསྡུ་གནང་བ་མ་ཟད།དཔེ་དེབ་རྩོམ་སྒྲིག་བྱས།དེབ་འདིས་ང་ཚོས་ཁྱོན་ཡོངས་ནས་ཏང་གི་ཆོས་ལུགས་སྲིད་ཇུས་ཡང་དག་པའི་སྒོ་ནས་ལག་ལེན་མཐར་ཕྱིན་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྣེ་འདྲེན་དང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་བྱས་ཏེ་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་བྱ་རྒྱུ་སོགས་ལ་ཕན་པ་ཆེན་པོ་ཐོབ་ཡོད་པ་རེད།    

 

      རྩོམ་པ་པོ་ལུའུ་ཡུང་མིང་།བོད་རིགས།བོད་མིང་ལ་ཨ་ཙ་ར་དོན་འགྲུབ་ཟེར།1959ལོར་སྐྱེས་པ་དང་།1976ལོར་ལས་ཞུགས་གནང་།སེམས་ཀྱི་ཉི་ཟླའི་མི་ཡིན།   རིག་གནས་ཀྱི་ཆུ་ཚད་ནི་སློབ་ཆེན་དངོས་གཞི་རིམ་པ་ཡིན།སྔ་རྗེས་སུ་ཤང་དང་གྲོང་རྡལ།རྫོང་།ཁུལ།ཞིང་ཆེན།ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་(གནས་སྦྱར)སོགས་སུ་ལས་ཞུགས་གནང་།དེ་སྔོན་ཞིང་ཆེན་དང་ཁུལ་གྱི་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་སུ་ལོ་གང་མང་ལ་ལས་སྒྲུབ་གནང་བ་དང་།ད་ལྟ་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་དུ་ཕྱག་ལས་གནང་བཞིན་ཡོད།ཁོང་ཉིད་ཀྱི་བརྩམས་ཆོས་ལ་༼ཡིད་དབང་འཕྲོག་པའི་མྱི་ཟུར།སེམས་ཀྱི་ཉི་ཟླའི་མི་རིགས་རིག་གནས་སྐྱེ་ཁམས་གྲོང་སྡེའི་སྙན་ཞུ༽ཞེས་པ་དང་།མཉམ་ལས་རྩོམ་སྒྲིག་བྱས་པའི་བརྩམས་ཆོས་ལ་༼བདེ་ཆེན་གྱི་དམངས་སྲོལ་རིག་གནས་༽ཞེས་པ་བཅས་ཡོད།སྔོན་ཆད་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་དཔྱད་རྩོམ་གྱི་དུས་དེབ་སྟེང་དཔྱད་རྩོམ་མང་པོ་ཕུད་ཡོད་པ་རེད།