རྩོམ་པ་པོ།   དབྱངས་ཅན་ལྷ་མོ།  ཡིག་བསྒྱུར།       དུས་ཚོད།   2018-08-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཟླ8པའི་ཚེས་20ཉིན་གྱི་སྔ་དྲོར།ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་བའི་(གཞོན་ནུ་ལོ་ཆུང་ཚོ་ཆུང་)སྐྱེས་མའི་རྐང་རྩེད་སྤོ་ལོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཛ་དྲག་ངང་བསྡུས་པ་དང་། བདེ་ཆེན་གྱི་འཐུས་མི་རུ་ཁག་གིས་ཁྲུའུ་ཞུང་རུ་ཁག་ཕམ་པར་རྒྱལ་ནས་ཨང་དང་པོའི་བྱ་དགའ་བླངས་པ་རེད། འདི་ནི་བདེ་ཆེན་རྐང་རྩེད་སྤོ་ལོའི་ལོ་རྒྱུས་སྟེང་ཐོག་དང་པོར་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཐོག་ནས་བྱ་དགའ་ཨང་དང་པོ་ལོན་པ་དེ་རེད།
ཐེངས་འདིའི་འགྲན་བསྡུར་ཁྲོད། བདེ་ཆེན་སྐྱེས་མའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩལ་ནུས་གཟེངས་སུ་ཐོན་ཡོད་པ་དང་། ལུས་ལ་རྨས་སྐྱོན་ཡོད་ན་ཡང་དཔའ་མི་ཞུམ་པར་བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁ་ལེན་པའི་སྙིང་སྟོབས་ལ་བརྟེན་ནས་རང་གི་ཕ་ཡུལ་ལ་མཚན་སྙན་དང་གཟི་བརྗིད་བརྩོན་ལེན་བྱས་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སུ་ཞུགས་པའི་བདེ་ཆེན་སྐྱེས་མའི་རྐང་རྩེད་སྤོ་ལོའི་རུ་ཁག་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་འབྲིང་དང་པོའི་སྐྱེས་མའི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་གཙོར་བྱས་ནས་བཙུགས་པ་ཞིག་ཡིན་ལ། ད་ལོའི་ཟླ7པའི་ཟླ་སྟོད་ནས་གཅིག་བསྡུས་གྱིས་སྦྱོང་བརྡར་བྱས་ཡོད། འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། བདེ་ཆེན་སྐྱེས་མའི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཐོག་རྒྱལ་ཁ་ཨང་དང་པོ་བླངས་པ་ནི་སྟབས་ལེགས་པ་ཙམ་མིན་པར། འདི་ནི་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྐང་རྩེད་སྤོ་ལོའི་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བའི་འབྲས་བུ་ཡིན་ལ། ཁུལ་ཡོངས་ཀྱི་ལུས་རྩལ་སྡེ་ཁག་གིས་རྐང་རྩེད་སྤོ་ལོར་གཙིགས་མཐོང་བྱས་པའི་འབྲས་བུ་ཡང་ཡིན། བདེ་ཆེན་ཁུལ་ཡོངས་སུ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་གང་མང་སྤེལ་དང་སྤེལ་བཞིན་ཡོད་ཟེར།