སྒྱུ་རྩལ་དུས་ཆེན་གྱི་མགྲོན་བསུའི་དགོང་ཚོགས་ལ་འདི་འདྲའི་ལྟད་མོ་སྣང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ8པའི་ཚེས26ཉིན།ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བའི་ཆེས་ཐོག་མའི་རིག་གནས་འཁྲབ་སྟོན་ལེ་ཚན་དེ། མགྲོན་བསུའི་དགོང་ཚོགས་《ཤམ་བྷ་ལ་ཡི་ལྷན་འཛོམས》ཞེས་པ་སྙན་ཞུའི་འཁྲབ་སྟོན་བྱས་ནས།ཆེད་མཁས་དང་འབྲེལ་ཡོད་འགོ་ཁྲིད་ཀྱི་བསམ་ཚུལ་ལ་ཉན་རྗེས་མུ་མཐུད་དུ་ལེགས་བཅོས་བྱེད་རྒྱུ་རེད།







        རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིར་ཞབས་བྲོའི་ཟློས་གར་སྙན་ངག་ཅན་དང་ཞབས་བྲོའི་ཚོ་ཆུང་བརྗོད་བྱ་ཅན་ལ་བརྟེན་ནས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་ཤམ་བྷ་ལའི་ཡིད་དབང་འཕྲོག་ཤུགས་དང་བདེ་ཆེན་གྱི་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་མངོན་པར་བྱས་ཡོད།ལེ་ཚན་གྱི་བརྗོད་བྱ་གཙོ་བོ་དེ་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག བདེ་ཆེན་གྱི་མི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་དང་འཆམ་མཐུན་མཉམ་གནས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་རྣམ་པ་མཚོན་པར་བྱས་ཡོད།






        《ཤམ་བྷ་ལ་ཡི་ལྷན་འཛོམས》ལ་ཁྱོན་བསྡོམས་འཁྲབ་ཚན་གསུམ་དུ་བགོས་ཡོད་དེ།འཁྲབ་ཚན་དང་པོ་《ཡིད་ཀྱི་བགྲོད་ལམ》ནི་སྨན་བཙུན་མོ་རྒྱབ་ལྗོངས་བྱས་ཏེ།གླེགས་བམ་འདབས་ཀྱི་ཚེ་སྲོག་གསར་བ་ཞིག་གི་འཁྲུངས་ཚུལ་མངོན་པར་བྱས་ནས།བོད་རིགས་མང་ཚོགས་ཀྱིས་རང་བྱུང་ཁམས་དང་ཚེ་སྲོག་ལ་བརྩི་མཐོང་དང་སྤྲོ་སེམས་བཅངས་པའི་བརྩེ་བ་མཚོན་ཡོད།  འཁྲབ་ཚན་གཉིས་པ་《གནས་མཆོག》ནི་བདེ་ཆེན་གྱི་གངས་རི་དང་འབྲོག་ར།རྩྭ་ཐང་སྟེང་གི་བོད་རིགས་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་སྣང་ཚུལ་དང་རང་མི་རིགས་རིག་གནས་ཀྱི་དད་མོས་མངོན་པར་བྱས་ཡོད། འཁྲབ་ཚན་གསུམ་པ་ནི་《དབེན་གནས》ནི་བདེ་ཆེན་སེམས་ཀྱི་ཉི་ཟླའི་ངོ་མཚར་བའི་རང་བྱུང་མཛེས་ལྗོངས་གང་ལེགས་ཀྱིས་མངོན་པར་བྱས་ཡོད།མཇུག་མཐར་མི་རིགས་ཁག་གི་མང་ཚོགས་ཀྱིས་ལག་ཏུ་དར་དཀར་གྱི་ཁ་བཏགས་བཟུང་ནས་འཛམ་གླིང་ཞི་བདེ་དང་སྐྱེ་འགྲོ་ཀུན་ནད་མེད་ཚེ་རིང་དང་བཀྲ་ཤིས་བདེ་སྐྱིད་ཡོང་བར་སྨོན་འདུན་ཞུས་པ་རེད།





        ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་སྐབས་སུ་ཚང་མ་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་དུ་ཕེབས་ནས་རིག་གནས་ཀྱི་རྒྱས་སྟོན་ཆེན་མོ་འདི་ཉིད་མཉམ་དུ་ལོངས་སྤྱོད་བྱེད་པར་དགའ་བསུ་ཞུ།