རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བའི་བར་སྐབས་སུ། རང་ཁུལ་གྱིས་སེམས་ཀྱི་ཉི་ཟླའི་བེ་ཤ་གླིང་ཁུལ་ནས་ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ་བསྡུ་རྒྱུའི་འཆར་གཞི་བཀོད་ཡོད་ཅིང་། འགྲེམས་ཁུལ་དེ་ཡང་ཁང་པའི་ནང་གི་འགྲེམས་ཁུལ་དང་། ཁང་པའི་ཕྱི་རོལ་གྱི་འགྲེམས་ཁུལ་ཁག་གཉིས་སུ་བཀོད་སྒྲིག་བྱས་ཡོད། དེའི་ཁྲོད་དུ་ཁང་པའི་ནང་གི་འགྲེམས་ཁུལ་དེ་ཁང་ཐོག་ཉིས་བརྩེགས་ཅན་ཡིན་པ་དང་། འགྲེམས་ཁུལ་དེ་ལ་བཤམ་གནས130ཡོད། ཐོག་བརྩེགས་དང་པོ་ནི་སྒྱུ་རྩལ་དུས་ཆེན་ནང་ཞུགས་པའི་ཁུལ་དང་གྲོང་ཁྱེར་སོ་སོའི་གཟིགས་བརྙན་བཤམ་ས་ཡིན། ཐོག་བརྩེགས་གཉིས་པ་ལ་ས་ཁོངས་ལྟར་རིགས་བགར་ནས་བཤམ་སྟོན་བྱེད་ས་ཡིན་ལ། དེའི་ནང་དུ་བཤམ་ས་འགའ་ཤས་ནི་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་ཐོན་རྫས་བཤམ་སར་བཀོད་སྒྲིག་བྱས་ཡོད། ཁང་པ་ཕྱི་རོལ་གྱི་འགྲེམས་ཁུལ་ནི་ཚོང་འདྲེན་གྱི་གནས་ཚུལ་གཞིར་བཟུང་ནས་བཤམ་ས་གཏན་འཁེལ་བྱ་རྒྱུ་རེད།
མིག་སྔའི་བར་དུ། ཁེ་ལས་བརྒྱ་ལྷག་གིས་འགྲེམས་ཁུལ་ནང་ཞུགས་པའི་མིང་རྟགས་བཀོད་ཟིན་པ་དང་། དེའི་ཁྲོད་བདེ་ཆེན་ཁུལ་དུ་ཁེ་ལས56ཡོད། དཀར་མཛེས་ཁུལ་ལ་ཁེ་ལས12ཡོད། ཆབ་མདོ་གྲོང་ཁྱེར་ལ་ཁེ་ལས6ཡོད། ཁུན་མིང་དང་ཡུས་ཞི། ཆུས་ཅིང་སོགས་ཞིང་ཆེན་ནང་ཁུལ་གྱི་ཁུལ་དང་གྲོང་ཁྱེར་སོ་སོ་ནས་ཐོན་པའི་ཁེ་ལས་མི་ཉུང་བ་ཞིག་ཀྱང་འགྲེམས་ཁུལ་ནང་ཞུགས་རྒྱུ་རེད། ཐོན་རྫས་གཙོ་བོར་དབྱར་རྩྭ་དགུན་འབུ་དང་། ཁ་ཆེ་གུར་གུམ། མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས། བཟའ་ཆས་དང་ཇ་ལོའི་རིགས་སོགས་ཡོད་པ་རེད།
བྱེད་སྒོའི་བར་སྐབས་སུ། ཁུལ་དང་གྲོང་ཁྱེར་སོ་སོའི་ཐོན་ལས་འཕེལ་རྒྱས་ལ་ཕན་ཚུན་རོགས་རས་དང་སྐུལ་སྤེལ་གྱི་ནུས་པ་ཐོན་རྒྱུ་རེད། མིག་སྔར་རང་ཁུལ་གྱིས་ཁུལ་ཡོངས་ཀྱི་གནད་ཆེའི་ ཚོང་དང་མ་རྩ་འདྲེན་འགུགས་རྣམ་གྲངས་ཀྱི་འཚོལ་བསྡུ་དང་ལེགས་སྒྲིག སྤྱི་བསྡོམས་ལས་ཀ་ལེགས་འགྲུབ་བྱུང་ཡོད་པ་དང་། ཁྱོན་བསྡོམས་རྣམ་གྲངས38ལེགས་འདེམས་བྱས་ཡོད་ལ་དེའི་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར484ལ་སླེབས་ཡོད། འབྲེལ་ཡོད་སྡེ་ཁག་གི་ཧུར་བརྩོན་འོག ཁེ་ལས་གསུམ་ནི་གཅིག་བསྡུས་གན་རྒྱ་འཇོག་པའི་བྱེད་སྒོར་ཞུགས་རྒྱུ་གཏན་འཁེལ་བྱས་ཟིན་པ་དང་། དེའི་ཁྲོད་འཇོལ་རྫོང་ཡུན་ལིང་ཤང་གི་ཞིང་གྲོང་འཐུང་ཆུའི་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར1.5གཏོང་རྒྱུ་ཡིན་ལ། སེམས་ཀྱི་ཉི་ཟླའི་སྡོད་ཁང་གསར་སྤེལ་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི1000 སེམས་ཀྱི་ཉི་ཟླའི་གློག་བརྙན་འཕྲིན་གྲོང་གི་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི4200གཏོང་རྒྱུ་རེད།
མ་འོངས་པའི་དུས་མཚམས་ཤིག་གི་རིང་ལ། དཔལ་འབྱོར་ཉོ་འཚོང་བྱེད་སྒོ་རྩ་འཛུགས་ཀྱིས་ཧུར་ཐག་གིས་སྦྲེལ་མཐུད་དང་། བྱེད་སྒོའི་ཤུགས་རྐྱེན་རྒྱ་བསྐྱེད་བཏང་ནས། ཁུལ་ཕྱི་ནང་གི་ཁེ་ལས་མང་པོས་ཕན་ཚུན་མཉམ་ལས་བྱས་ནས་གྲུབ་འབྲས་ལོན་པར་སྐུལ་སྤེལ་གྱི་ནུས་པ་མི་དམན་པ་འདོན་རྒྱུ་རེད།