གནས་གསར་གྱིས་གྲོང་གསེབ་ཡུལ་སྐོར་དར་འཕེལ་གཏོང་ནས་དབུལ་སྐྱོར་ལས་ཀ་ལ་སྐུལ་སྤེལ་གཏོང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-08-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2017ལོའི་ཟླ་4པར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་གྱི་གྲོང་གསེབ་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ཡག་པོ་བྱེད་པའི་ཆེད་དུ།ཡང་ཐང་གྲོང་རྡལ་སྲིད་གཞུང་གིས་གྲོས་མོལ་དང་ཞིབ་འཇུག་བརྒྱུད་ནས་ཚོང་འདྲེན་མ་འགུག་གི་ཚུལ་གྱིས་ལན་ཧོ་གྲོང་གི་གནས་གསར་གྲོང་མི་ཚོ་ཆུང་དེ་གྲོང་གསེབ་ཡུལ་སྐོར་དར་འཕེལ་གྱི་ཚོད་ལྟ་ས་ཁུལ་དུ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།ལོ་དེའི་ཟླ6པའི་ཚེས་20ཉིན་དུ་ཨ་ཅག་ལགས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིས་གནས་གསར་གྲོང་མི་ཚོ་ཆུང་དང་གྲོས་མཐུན་བྱུང་ནས་གནས་གསར་གྲོང་གསེབ་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ཏེ།ཀུང་སིའི་མ་རྐང་60%ཨ་ཅག་ལགས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིས་བདག་དབང་བྱས་ཡོད་པ་དང་། 40%གནས་གསར་གྲོང་མི་ཚོ་ཆུང་གིས་བདག་དབང་བྱས་ཡོད་པ་རེད།


       གནས་གསར་གྲོང་གསེབ་ཡུལ་སྐོར་ལྗོངས་ཁུལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བར་ལ་སྤྱི་ལེ་16གི་ལམ་ཐག་ཡོད་པ་དང་།ལྗོངས་ཁུལ་གྱིས་སྲིད་གཞུང་+ཀུང་སི་+དུད་ཚང་ཞེས་པའི་མ་དཔེ་ཡིས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་60ལྷག་ལས་ཀ་ལ་ཞུགས་སུ་བཅུག་པ་དང་།   དུས་ཡུན་ལོ་གཅིག་ལྷག་གི་བདག་གཉེར་བྱས་ནས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་5ལྷག་སྣེ་ལེན་བྱས་ཡོད་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་400ལྷག་ཟིན་ཡོད་པ་རེད།


           ལྗོངས་ཁུལ་དུ་ཡུལ་སྐོར་བའི་ལྟེ་གནས་དང་བོད་དུད་སྣེ་ལེན་བྱེད་ས་35   སྤྱི་ལེ་གཉིས་ཀྱི་ཆུ་རྒྱུད་ལྗོངས་ཁུལ།མཐོ་སྒང་གི་ཞིང་འབྲོག་རིག་གནས་མྱོང་ཚོར་བྱེད་ས་སོགས་ཀྱི་ཡུལ་སྐོར་རྣམ་གྲངས་ཡོད་པ་དང་།ཡུལ་སྐོར་བ་རྣམས་ཀྱིས་རང་བྱུང་གི་ཡུལ་ལྗོངས་དུ་རོལ་པའི་དུས་མཚུངས་སུ་བོད་ཀྱི་འཛུགས་སྐྲུན་དང་གོས་རྒྱན།   བཟའ་བཏུང་།   གླུ་གར།  ཞིང་འབྲོག་སོགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱང་མྱོང་ཐུབ་པ་རེད།  


           ལྗོངས་ཁུལ་དུ་ད་དུང་སྐོར་སྐྱོད་གསང་སྤྱོད་ཁང་བཀོད་སྒྲིག་བྱས་ཡོད་དེ།  ཡུལ་སྐོར་བ་ལ་སྟབས་བདེ་སྐྲུན་པའི་དུས་མཉམ་དུ་ལྗོངས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་བྱེད་ཡོད་པ་རེད།

           ལན་ཧོ་གྲོང་རྡལ་གྱིས་ཐུན་མོང་གི་དཔལ་འབྱོར་དང་ཡུལ་སྐོར་གསར་སྤེལ་མཉམ་དུ་འབྲེལ་ནས།ཁེ་ལས་ཀྱི་མ་དངུལ་མི་འདང་བའི་གནད་དོན་ཐག་གཅོད་བྱེད་པ་མ་ཟད།གྲོང་གསེབ་ཡུལ་སྐོར་གྱིས་དབུལ་སྐྱོར་ལས་ཀ་ལ་སྐུལ་སྤེལ་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལས་རྒྱལ་ཁ་ཐོབ་པ་ལ་འགུལ་ཤུགས་དང་གསོན་ཤུགས་བསྣན་པ་རེད།