“ཁ་བཏགས་ལྗང་གུའི་བྱ་སྤྱོད”ལས་མཚོ་བོད་ས་མཐོར་སྔོ་ཁེབས་སྨི་ངོས་གྲུ་ཁྲི་800ལས་བརྒལ་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-09-06   རྩོམ་ཁུངས།    ཤིན་ཧྭ་དྲ་བ།


ཟླ་9ཚེས་3ཉིན། རྐྱལ་མཆོང་འགྲན་བསྡུར་ཐོག་འཛམ་བུ་གླིང་གི་ཨང་དང་པོ་ལེན་མྱོང་བ་དང་“ལི་ཧྲི་ཁ་བཏགས་ལྗང་གུའི་བྱ་སྤྱོད་”ཀྱི་སྤྱི་ཕན་དྲིལ་བསྒྲགས་ཕོ་ཉ་ཐེན་ལེང་སོགས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཁར་རྩེ་ཤང་དུ་ཡོལ་ཁེབས་ཕྱེ་བའི་མཛད་སྒོར་ཞུགས་པ།

        ཟླ་9ཚེས་3ཉིན། ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱིས་ལི་ཧྭ་ལི་ཧྲིའི་སྤུས་རྟགས་དང་མཉམ་དུ་སྤེལ་བའི་མཚོ་བོད་ས་མཐོའི་སྔོ་ཁེབས་བྱ་སྤྱོད་“ལི་ཧྲི་ཁ་བཏགས་ལྗང་གུའི་བྱ་སྤྱོད”བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཁར་རྩེ་ཤང་དུ་ཡོལ་ཁེབས་ཕྱེ་བའི་མཛད་སྒོ་འཚོགས་པ་རེད། 2011ལོར་བྱ་སྤྱོད་སྤེལ་ཚུན་བོད་ལྗོངས་ས་ཁུལ་དུ་ཕྱུགས་རྩྭ་སྨི་ངོས་གྲུ་ཁྲི་800ལྷག་ཙམ་བཏབ་པ་དེས་ས་གནས་ཀྱི་སྣོད་བཅུད་ཞན་དུ་འགྲོ་བར་ཚོད་འཛིན་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ལ། ཚན་རིག་དང་མཐུན་པའི་ངང་རྩྭ་རར་གཡོག་བྱེད་བརྒྱུད་ཕྱུགས་རྩྭའི་ཐོན་འབོར་མང་དུ་སོང་ནས་འབྲོག་པར་དཔལ་འབྱོར་གྱི་ཡོང་འབབ་མང་པོ་ཐོབ་ཡོད།