ཧོ་ཧྲོའུ་ཞང་དང་ཁ་ཆེ་ཤ་ཀ་བར་གྱི་གཏམ་རྒྱུད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-09-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


        ཟླ་9པར།  འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆུ་འཛོམ་གྲོང་གི་གེ་ལི་ཀྲོ་གྲོང་མི་ཚོ་ཆུང་གི་ཁ་ཆེ་ཤ་ཀ་རྣམ་པ་བཀྲ་འདུག   གནས་གཞི་དེའི་འགན་འཁུར་མི་སྣ་ཧོ་ཧྲོའུ་ཞང་གིས་གུར་གུམ་འདེབས་འཛུགས་བྱེད་པའི་སྔོན་དུ་ཡུལ་སྐོར་ལས་དོན་ཁང་ཞིག་བདག་གཉེར་བྱས་མྱོང་པ་རེད།  

        2011ལོར།  ཧོ་ཧྲོའུ་ཞང་གིས་ཡུལ་སྐོར་བ་དང་ཁ་བརྡ་བྱས་དུས་རང་རྒྱལ་གྱི་ཀྲེ་ཅང་སོགས་ཀྱི་ས་ཆར་ཁ་ཆེ་ཤ་ཀ་འདེབས་འཛུགས་བྱས་ཡོད་པ་ཤེས།དེ་ནས་ཁོང་གིས་རང་གི་ཕ་ཡུལ་དུའང་ཁ་ཆེ་ཤ་ཀ་འདེབས་འཛུགས་བྱེད་ཆོག་རྒྱུ་རེད་བསམ་པ་དང་།  ཁོང་གིས་ལས་ཀ་འདོར་ཏེ་ཀྲེ་ཅང་སོགས་ཀྱི་ས་ཆར་སློབ་སྦྱོང་བྱེད་དུ་སོང་ དེའི་རྗེས་སུ་ཁོང་གིས་ས་བོན་སྤྱི་རྒྱ་100ལྷག་ཁྱེར་ནས་རང་ཡུལ་དུ་འདེབས་འཛུགས་བྱས་འགོ་ཚུགས་པ་རེད།


གེ་ལི་ཀྲོ་གྲོང་མི་ཚོ་ཆུང་གི་ཡུལ་མི་རྣམས་ཀྱིས་ཁ་ཆེ་ཤ་ཀ་འཐུ་བཞིན་པ།


ཡུལ་མི་རྣམས་ཀྱིས་དབྱེ་བ་འབྱེད་བཞིན་པ།

        2012ལོར། ཁོང་གིས་ཁ་ཆེ་ཤ་ཀ་མུའུ་5་མང་དུ་བཙུགས་པ་དང་།2013ལོའི་ཟླ་10པའི་ཚེས་10ཉིན་དུ་ཁོང་གིས་བདེ་ཆེན་སེམས་ཀྱི་ཉི་ཟླ་ཅིན་ཁེ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིའི་ཐོ་དུ་འགོད་ནས་ཀྲུང་ལུགས་སྨན་རྩྭ་དང་གུར་གུམ་འདེབས་འཛུགས་བྱས་པ་རེད།དེ་ནས་ཁོང་གིས་གྲོང་སྡེ་ནང་གི་ཡུལ་མི་རྣམས་དང་གན་རྒྱ་འཇོག་སྟེ།ཀུང་སི་དང་ཞིང་དུད་བར་འདེབས་འཛུགས་+གསོ་སྦྱོང་+ཕྱིར་འཚོང་ཞེས་པའི་དཔེ་དབྱིབས་ཆགས་པ་དང་།ཀུང་སིས་ཞིང་དུད་ལ་ཁ་ཆེ་ཤ་ཀའི་ས་བོན་འདོན་པ་དང་འདེབས་འཛུགས་ལག་རྩལ་གསོ་སྐྱོང་བྱས་པ།མེ་ཏོག་བཞད་རྗེས་ཀུང་སིས་ཚུར་སྡུད་པ་རེད། མིག་སྔར།ཀེ་ལི་ཀྲོ་གྲོང་མི་ཚོ་ཆུང་གིས་གུར་གུམ་མུའུ་150ལྷག་འདེབས་འཛུགས་བྱས་ཡོད་པ་དང་དུད་ཚང་100ལྷག་དེའི་ནང་ཞུགས་ཡོད། མུའུ་རེའི་ཁ་ཆེ་ཤ་ཀ་ལ་ཕལ་ཆེར་སྒོར་ཁྲི་1.5ཡི་ཡོང་སྒོ་ཡོད་པ་རེད།  

        ཧོ་ཧྲོའུ་ཞང་གིས་ཁ་ཆེ་ཤ་ཀ་འདེབས་འཛུགས་བྱས་ནས་གྲུབ་འབྲས་ཡག་པོ་ཐོབ་པས། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཐོབ་སྟེ།2015ལོའི་ཟླ་9པའི་ཚེས་24ཉིན་དུ།  ཞིང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་སོ་སོའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་རྩ་འཛུགས་བྱས་ནས་ཁོང་གིས་གནས་གཞིར་ལྟ་སྐོར་དང་སློབ་སྦྱོང་ཡོང་བ་དང་།གནས་གཞིའི་དོ་དམ་དང་བདག་གཉེར་གྱི་དཔེ་དབྱིབས་ལ་ཁས་ལེན་གང་མང་གནང་བ་རེད།