འཛམ་ཐང་གི་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་སྦྱོང་ཁང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-09-15   རྩོམ་ཁུངས།    མི་དམངས་དྲ་བ།

    དངོས་མིན་རིག་གནས་ནི་འཛམ་ཐང་གི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ཁུངས་ཤིག་ཡིན་པ་དང། དབུལ་ཕོངས་རྫོང་ཞིག་ཡིན་པའི་ཆ་ནས། འཛམ་ཐང་རྫོང་གིས་ཉེ་བའི་ལོ་འགའི་ནང་དུ་རིག་གནས་དབུལ་སྐྱོར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། "དངོས་མིན་རིག་གནས+དབུལ་སྐྱོར"གྱི་ཐབས་བཀོད་ལ་གཞིགས་ནས། "སྲིད་གཞུང་གིས་དབུལ་སྐྱོར་དང་། རྒྱུད་འཛིན་པ་རང་གིས་གསར་གཏོད"ཀྱི་རྣམ་པ་སྤྱད་ཡོད། རྒྱུད་འཛིན་པས་ཧུར་བརྩོན་ཆེན་པོས་རིག་གནས་རྒྱུད་སྦྱོང་ཁང་བཙུགས་པར་སྐུལ་འདེད་བཏང་བ་སྟེ། དངོས་མིན་ཤུལ་བཞག་རིག་གནས་རྒྱུད་སྦྱོང་ཁང་འཛུགས་སྐྲུན་ཐད་ལ་ལོ་རེར་མ་དངུལ་སྒོར་ཁྲི་100བཏང་ཡོད། མིག་སྔར། རྫོང་འདིར་རྒྱུད་སྦྱོང་ཁང་26བཙུགས་ཡོད་ཅིང་། བོད་སྤོས་དང་བོད་ཇ། བོད་སྨན། ཐང་ག རྡོ་བརྐོས། རྫ་བཟོ་སོགས་དངོས་མིན་རིག་གནས་ཀྱི་ལས་གཞི་འདུས་ཡོད། ད་ཆར། རྫོང་འདིར་དངོས་མིན་རིག་གནས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་ལས་དོན་སྒྲུབ་མཁན་1400ཡོད་པ་དང་། དམངས་ཁྲོད་དུ་བརྗེད་ལ་ཉེ་བའི་ལག་རྩལ་གང་མང་ཡང་བསྐྱར་གསོ་བྱས་ནས་གསོན་ཤུགས་རྒྱས་པར་གྱུར། བསྡོམས་རྩིས་གཞི་གྲངས་ལྟར་ན། ན་ནིང་འཛམ་ཐང་རྫོང་གི་ཁྲིད་སྦྱོང་ཁང་26ལས་15ལ་ཁེ་སྤོགས་བྱུང་ཡོད་པ་སྟེ། ཁྱོན་བསྡོམས་སྒོར་ཁྲི་500ཉེ་བ་ཙམ་གྱི་དཔལ་འབྱོར་གྱི་ཕན་འབྲས་ཐོབ་ཡོད།