རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-09-15   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།
ཀྲུང་གོ་རིག་རྩལ་ལྷན་ཚོགས་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི“དུས་རབས་གསར་པར་སྐྱོད—སྐབས་བཅུ་གཅིག་པའི་བོད་ལྗོངས་ཇོ་མོ་གླང་མའི་པར་རིས་འགྲེམས་སྟོན་ཆེ་མོ”ཟླ་9ཚེས་7ནས་ཚེས་21ཉིན་བར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བྱས་པ་རེད། ད་ཐེངས་འགྲེམས་སྟོན་བྱས་པའི་པར་རིས་བརྩམས་ཆོས་540ཡི་ཐོག་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་རང་ལྗོངས་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་དང་རང་ལྗོངས་ཀྱི་དམིགས་བསལ་གྱི་རང་བྱུང་མཛེས་ལྗོངས་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གང་ལེགས་མཚོན་གྱི་ཡོད་པ་རེད།
འདི་ནི་གྲོང་མི་དང་ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ“དུས་རབས་གསར་པར་སྐྱོད—སྐབས་བཅུ་གཅིག་པའི་བོད་ལྗོངས་ཇོ་མོ་གླང་མའི་པར་རིས་འགྲེམས་སྟོན་ཆེ་མོར”ལྟ་སྐོར་བྱེད་པའི་གནས་ཚུལ་ཡིན་པ།