ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཅིག་པ་ཆབ་མདོ་ནས་སྤེལ་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-09-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བིད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བིད་ཡིག་དྲ་བའི་འཕྲིན།ཟླ9པའི་ཚེས12ཉིན་གྱི་ཕྱི་དྲོར།ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པའི་མཉམ་འབྲེལ་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ་དང་།གྲོས་བསྡུར་བྱས་པ་བརྒྱུད།སྐབས་རྗེས་མའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་སྒྲུབ་འགན་འཁུར་རྒྱུ་ཐག་གཅོད་བྱས་པ་རེད།

        སྒྱུ་རྩལ་དུས་ཆེན་གྱི་རེས་གཉེར་རྩ་དོན་གཞིར་བཟུང་།ཆབ་མདོ་གྲོང་ཁྱེར་གྱིས་ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཅིག་པ་སྒྲུབ་འགན་འཁུར་རྒྱུ་རེད།ཆབ་མདོ་གྲོང་ཁྱེར་གྱི་འགན་ཁུར་མི་སྣས་སྐབས་རིམ་བྱུང་གི་སྒྱུ་རྩལ་དུས་ཆེན་བདེ་བླག་ངང་གཉེར་བའི་ཉམས་མྱོང་གཞིར་བཟུང་།སྔ་མོ་ནས་འབྲེལ་ཡོད་ཀྱི་དོན་དག་ཇུས་འགོད་བྱེད་རྒྱུ་ཡིན་པ་དང་།སྤུན་ཟླའི་ཁུལ་གྲོང་ཁྱེར་གྱི་འཐུས་མི་སྐབས་དེར་ཆབ་མདོར་མགྲོན་པོར་ཕེབས་པར་དགའ་བསུ་ཞུ་ཞེས་བསྟན་པ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན།2000ལོའི་ཟླ10པར་ཆབ་མདོ་གྲོང་ཁྱེར་གྱིས་ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་སྒྲུབ་འགན་ཁུར་བ་རེད།2013ལོའི་ཟླ10པར་ཆབ་མདོ་གྲོང་ཁྱེར་གྱིས་ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བདུན་པ་སྒྲུབ་འགན་ཁུར་བ་རེད།