རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-09-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ9པའི་ཚེས21ཉིན།བདེ་ཆེན་བོད་ཁུལ་གྱི་གྲོང་ཚོའི་ལས་བྱེད་པའི་བྱང་ཚད་དང་ཡོན་ཚད་གཉིས་ཀ་མཐོར་གཏོང་གི་བྱ་འགུལ་འཆར་འགོད་དང་ཡུན་ནན་སྒོ་འབྱེད་སློབ་ཆེན་གྱི་བདེ་ཆེན་སྒོ་འབྱེད་སློབ་གླིང་2016ལོའི་སྟོན་དུས་ཀྱི་སློབ་གྲྭ་དང་ས་གནས་མཉམ་འབྲེལ་གྱི་རྣམ་གྲངས་ཀྱི་ངོ་འཕྲད་ཐེངས་ལྔ་བའི་སློབ་འགོ་ཚུགས་པའི་མཛད་སྒོ་དེ་བདེ་ཆེན་སྒོ་འབྱེད་སློབ་གླིང་ནས་སྤེལ་བ་རེད།ལོ་གཉིས་དང་ཕྱེད་ཀའི་རིང་གི་སློབ་སྦྱོང་བྱས་པ་བརྒྱུད།ཁུལ་ཡོངས་ཀྱི་གྲོང་ཚོའི་ལས་བྱེད་པ་221ལ་ཕན་ཁེ་ཐོབ་ཡོད་ལ།རྣམ་གྲངས་འདི་ཕྱོགས་དྲུག་གི་ཐད་ནས་ཕན་འབྲས་ལེགས་པོ་ཐོབ་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན།ཁུལ་ཡོངས་ཀྱི་གྲོང་ཚོའི་ལས་བྱེད་པའི་སློབ་གནས་རིམ་པ་ཅུང་དམའ་བ་དང་ཤེས་རིག་འབྱོར་བའི་ཐབས་ལམ་ཡག་པོ་མེད་པ།འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཤེས་ལྡན་མི་སྣ་དཀོན་པ་སོགས་ཀྱི་གནད་དོན་ ཐག་གཅོད་བྱ་ཆེད།2016ལོའི་ཟླ་8པ་ནས་བཟུང་།ཁུལ་ཨུའི་རྩ་འཛུགས་པུའུ་དང་ཡུན་ནན་སྒོ་འབྱེད་སློབ་ཆེན་གྱིས་བདེ་ཆེན་བོད་ཁུལ་གྱི་གྲོང་ཚོའི་ལས་བྱེད་པའི་བྱང་ཚད་དང་ཡོན་ཚད་གཉིས་ཀ་མཐོར་གཏོང་གི་བྱ་འགུལ་འཆར་གཞིའི་རྣམ་གྲངས་ཀྱི་མཉམ་ལས་གྲོས་མཐུན་ཡི་གེ་བཞག་ནས།བདེ་ཆེན་ནས་བོད་ཁུལ་གྱི་གྲོང་ཚོའི་ལས་བྱེད་པའི་བྱང་ཚད་དང་ཡོན་ཚད་གཉིས་ཀ་མཐོར་གཏོང་གི་བྱ་འགུལ་དངོས་སུ་སྤེལ་འགོ་བརྩམས་པ་རེད།2016ལོའི་སྟོན་དུས་ནས་འགོ་བཟུང་།ལོ་གཉིས་དང་ཕྱེད་ཀའི་རིང་ཁྱོན་བསྡོམས་གྲོང་ཚོའི་﹙སྡེ་ཁུལ་﹚ལས་བྱེད་པ་221དང་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཁག་གཅིག་མཐོར་གཏོང་གསོ་སྦྱོང་དུ་ཞུགས་པ་དང་།སློབ་སྦྱོང་བྱེད་ཡུལ་དེ་བདེ་ཆེན་སྒོ་འབྱེད་སློབ་གླིང་﹙ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ﹚ནས་བསྡུས་པ་རེད།
རྣམ་གྲངས་ཀྱི་ལག་བསྟར་ལ་ཕྱོགས་དྲུག་གྱི་ཐད་ནས་ཕན་འབྲས་ཐོབ་ཡོད་དེ།གཅིག་ནི་ཏང་ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་ནས།ཏང་བདེ་ཆེན་བོད་ཁུལ་གྱི་གཞི་རིམ་དུ་ཡོད་པའི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་བཏང་བ།གཉིས་ནི་གཞི་རིམ་ལ་སེམས་ཁུར་དང་།གཞི་རིམ་ལ་རྒྱབ་སྐྱོར།གཞི་རིམ་ལ་མཐོང་ཆེན་བྱེད་པའི་ལས་ཀའི་ཁྲིད་ཕྱོགས་གྲུབ་པ།གསུམ་ནི་བདེ་ཆེན་བོད་ཁུལ་གྱི་གཞི་རིམ་སྲིད་སྐྱོང་གི་རྐང་འཛིན་སྟོབས་ཤུགས་འཐུས་ཚང་ཅིག་གསོ་སྐྱོང་བྱས་པ།བཞི་ནི་ཁུལ་ཡོངས་ཀྱི་གཞི་རིམ་རྐང་འཛིན་ལས་བྱེད་པའི་ནུས་པ་དང་བྱང་ཚད་མཐོར་འདེགས་གཏོང་བ།ལྔ་ནི་སྤེལ་རེས་ཟབ་ཏུ་ཕྱིན་པ་དང་།མཐུན་སྒྲིལ་འཆམ་མཐུན་གྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།དྲུག་ནི་རང་ཁུལ་གྱི་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པའི་ཉམས་བཟང་མངོན་པར་བྱས་ནས།གཞི་རིམ་གྱི་ལས་ཀའི་དར་སྲོལ་བཟང་པོ་ཆགས་པར་སྐུལ་ཁྲིད་བྱས་ཡོད།