ཏང་ཡོན་ཚོ། ཟླ་བཅུ་པ་ནས་སྐད་འཕྲིན་ནང་འདི་དག་མ་སྐུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2018-09-27   རྩོམ་ཁུངས།   

        

        ཟླ་8ཚེས་26ཉིན། བཟོ་བཅོས་གསར་པ་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་ལ《སྲོལ་ཡིག》ཞེས་བསྡུ་རྒྱུ)ཆ་ཚང་ཡོངས་བསྒྲགས་བྱས་ཤིང་། འདི་ལོའི་ཟླ་10ཚེས་1ཉིན་ལག་ལེན་བསྟར་རྒྱུ་རེད་འདུག

        《སྲོལ་ཡིགནང་དུ་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་སྒྲིག་ཁྲིམས་ལདམར་ཐིགམང་པོ་བཏོན་པ་མ་ཟད། ཏང་ཡོན་གྱིས་དྲ་རྒྱ་སྤྱོད་སྐབས་ལའང་རེ་བ་ནན་པོ་བཏོན་པས། གལ་ཏེ་སྒྲིག་ཁྲིམས་ལས་འགལ་ཚེ་ཏང་གི་སྐྱིད་སྡུག་ནས་འཕུད་རྒྱུ་ཡིན་པ་འཁོད་ཡོད།

        ད་ཆ། སྐད་འཕྲིན་ང་ཚོའི་འཚོ་བའི་ནང་ཕན་ཚུན་འབྲེལ་བ་བྱེད་པའི་རྒྱུན་སྤྱོད་ཀྱི་ལག་ཆར་གྱུར་བ་དང་ཆབས་ཅིག སྐད་འཕྲིན་གྱིས་ང་ཚོའི་འཚོ་བར་སྟབས་བདེ་བསྐྲུན་མོད།  འོན་ཀྱང་སྐད་འཕྲིན་ཁྲིམས་ཀྱི་ཁོངས་སུ་ཚུད་པས། ཏང་ཡོན་ལས་བྱེད་པས་སྐད་འཕྲིན་སྤྱོད་སྐབས། གཤམ་གསལ་གྱི་བྱ་སྤྱོད་འདི་རིགས་ངེས་པར་དུ་མི་ཐོན་པ་བྱེད་དགོས། 

        ཏང་ཡོན་ཚོས་སྐད་འཕྲིན་ལ་ཆ་འཕྲིན་འདི་རིགས་བསྐུར་ཚེ། ཏང་གི་སྐྱིད་སྡུག་ནས་འཕུད་རྒྱུ་ཡིན་པས་ངེས་པར་དུ་དོ་སྣང་བྱེད་དགོས་པ་སྟེ། 

        གཅིག རྩ་དོན་ལ་ཐུག་པའི་གནད་དོན་གལ་ཆེན་ཀྲུང་དབྱང་དང་གཅིག་མཐུན་མིན་ཚེ། ཏང་གི་སྐྱིད་སྡུག་ནས་འཕུད་རྒྱུ་དང་། 

        གཉིས། མ་རྩའི་གྲལ་རིམ་གྱི་རང་དབང་ཅན་གྱི་ལངས་ཕྱོགས་མཐའ་འཁྱོངས་ཀྱི་གཏམ་སྨྲས་ཚེ། ཏང་གི་སྐྱིད་སྡུག་ནས་འཕུད་རྒྱུ། 

        གསུམ། གཞི་རྩའི་རྩ་དོན་བཞི་ལས་འགལ་བའི་གཏམ་སྨྲ་བ་མ་ཟད། ཏང་གི་སྒྱུར་བཅོས་སྒོ་འབྱེད་ཀྱི་ཐབས་ཇུས་དང་རྒྱབ་འགལ་བྱེད་པའི་ཁར་འཁྱོག་བཤད་བྱས་ཚེ། ཏང་གི་སྐྱིད་སྡུག་ནས་འཕུད་རྒྱུ། 

        བཞི། ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ལ་སྒྲོ་འདོགས་དང་གཏམ་འཆལ་སྤེལ་བའི་ཁར། ཏང་གི་གཅིག་སྡུད་གཅིག་གྱུར་ལ་གཏོར་བཤིག་བཏང་ཚེ། ཏང་གི་སྐྱིད་སྡུག་ནས་འཕུད་རྒྱུ། 

        ལྔ། སྔོན་གཤེགས་དཔའ་བོར་འཕྱ་སྨོད་བྱེད་པ་དང་དམའ་འབེབས་བཏང་ན།  ཏང་གི་སྐྱིད་སྡུག་ནས་འཕུད་རྒྱུ། 

        དྲུག ཆབ་སྲིད་ཀྱི་དཀྲོག་གཏམ་བཟོ་བ་དང་བརྒྱུད་སྤེལ་བྱས་ཚེ།  ཏང་གི་སྐྱིད་སྡུག་ནས་འཕུད་རྒྱུ། 

        བདུན། ལས་བྱེད་པ་འདེམས་པ་དང་བསྐོ་གཞག་དང་། སྒྲིག་ཁྲིམས་ཞིབ་དཔྱད། སྐོར་གཟིགས་སྐོར་བཤེར་སོགས་ཡོངས་བསྒྲགས་བྱས་མེད་པའི་དོན་ཚན་ནམ་ཡང་ན་གསང་བ་སྲུང་དགོས་ངེས་ཀྱི་ཆ་འཕྲིན་ཕྱིར་གྱར་ན། ཏང་གི་སྐྱིད་སྡུག་ནས་འཕུད་རྒྱུ་བཅས་རེད།